གཞི་བཅུ་བདུན། རབ་ཏུ་འབྱུང་བའི་གཞི། གསོ་སྦྱོང་གཞི། དགག་དབྱེའི་གཞི། དབྱར་གྱི་གཞི། ཀོ་ལྤགས་ཀྱི་གཞི།
སྨན་གྱི་གཞི། གོས་ཀྱི་གཞི། སྲ་བརྐྱང་གི་གཞི། ཀཽཤམྦྷིའི་གཞི། ལས་ཀྱི་གཞི། ད་མར་ཅ་ན་གྱི་གྱི་གཞི། གང་ཟག་
གི་གཞི།
སྤོ་བའི་གཞི། གསོ་སྦྱོང་བཞག་པའི་གཞི། གནས་མལ་གྱི་གཞི། རྩོད་པའི་གཞི། དབེ་འདུན་གྱི་
དབྱེན་གྱི་གཞི་
དང་བཅུ་བདུན་ནོ། སྒྲ་བཤད་ནི། རབ་ཏུ་འབྱུང་བ་དང་གསོ་སྦྱོང་ལ་སོགས་པ་རྣམས་ཀྱི་དོན་
རྟོགས་པར་བྱེད་པའི་གཞིའམ་རྟེན་དུ་གྱུར་པས་ན་གཞི་ཞེས་བྱའོ།
གཞིའི་སྐད་དོད་བསྟུ་ཞེས་བྱ།
གཞི་བཅོ་བརྒྱད། གཞི་བཅུ་བདུན་ལས། ཕྱིར་བཅོས་ལ་ལྟུང་བ་ཕྱིར་བཅོས་དང་རྩོད་པ་ཕྱིར་གཉིས་ཕྱེ་སྟེ་བཅོ་
བརྒྱད་ད་དོ།

གཞི་དུས་ཀྱི་ཆོས་དབྱིངས་ཡེ་ཤེས། འཆི་བ་འོད་གསལ་ཡུལ་དུ་བྱེད་པའི་། དེ་ལ་གཞིའི་རྟོགས་པ་ཡེ་ཤེས་
ཆོས་ཀྱི་སྐུ་
ཡང་ཟེར།
གཞི་དུས་ཀྱི་མཉམ་ཉིད་ཡེ་ཤེས། བདེ་སྡུག་བཏང་སྙོམས་གསུམ་ཚོར་བར་རིགས་གཅིག་ཏུ་དྲན་པའི་ཤེས་པ་ལ་
བཤད།
གཞི་དུས་ཀྱི་བྱ་གྲུབ་ཡེ་ཤེས། འཇིག་རྟེན་པའི་ཕྱིའི་བྱ་བ་ད་ང་དགོས་པ་སོགས་དྲན་པའི་ཤེས་པ་ལ་བཤད།
གཞི་དུས་ཀྱི་མེ་ལོང་ཡེ་ཤེས། མེ་ལོང་ལ་གཟུགས་བརྙན་སྣང་བ་བཞིན་དུ་ཡུལ་དུ་མ་ཅིག་ཅ་ར་དུ་གསལ་བར་
སྣང་བའི་
ཤེས་པ་ཞིག་ལ་བཤད།
གཞི་དུས་ཀྱི་འོད་གསལ། དགེ་ལུགས ཐ་མལ་པའི་འཆི་བ་འོད་གསལ། བཀའ་བརྒྱུད གཞི་གདོད་མའི་འོད་
གསལ་དང་
དོན་འདྲ། གཞི་གདོད་མའི་འོད་གསལ་ལ་གཟིགས།
གཞི་དུས་ཀྱི་ཡེ་ཤེས་ལྔ། གཞི་དུས་ཀྱི་མེ་ལོང་ཡེ་ཤེས། གཞི་དུས་ཀྱི་མཉམ་ཉིད་ཡེ་ཤེས། གཞི་དུས་ཀྱི་སོར་རྟོག་
ཡེ་ཤེས།
གཞི་དུས་ཀྱི་བྱ་གྲུབ་ཡེ་ཤེས། གཞི་དུས་ཀྱི་ཆོས་དབྱིངས་ཡེ་ཤེས་དང་ལྔའོ།
གཞི་དུས་ཀྱི་སོར་རྟོག་ཡེ་ཤེ ཉེ་དུ་སོགས་ཀྱི་མིང་སོ་སོར་དྲན་པའི་ཤེས་པ་ལ་བཤད།
གཞི་གདོད་མའི་འོད་གསལ། བཀའ་བརྒྱུད སེམས་ཅན་ཐམས་ཅད་ཀྱི་སེམས་རང་བཞིན་གྱིས་འོད་གསལ་བ་
ཆོས་ཐམས་ཅ་ད་ཀྱི་ཁྱབ་བདག་དེ་ལ་ཟེར། གཞི་དུས་ཀྱི་འོད་གསལ་དང་དོན་གཅིག
གཞི་མེད་སྐུར་འདེ་བས་ཀྱི་ལྷག་མ། ལྷག་མ་བཅུ་གསུམ་གྱི་བརྒྱད་པ་ནི། དགེ་སློང་རྣམ་དག་ལ་ཕམ་པའི་སྐུར་བ་
འདེབས་པའི་ལྷག་མ།



tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*