གཞི་མེད་རྩ་བྲལ། ཕྱུག་ཆེན ༿རྒྱུ་དང་རྐྱེན་གང་གིས་ཀྱང་མ་བྱས་པ། བྱུང་ས་དང་གནས་ས་ཐིམ་ས་ཐམས་
ཅ་ད་དང་བྲལ་བ།
༿ རིགས་པས་དཔྱད་པ་ན་མ་རྙེད་པར་རང་ཡལ་དུ་སོང་བ། རིགས་པས་དཔྱད་བཟོད་
མིན་པ།
གད་དུའང་ངོས་བཟུང་དང་བྲལ་བ། ༿ སེམས་ཀྱི་གནས་ལུགས། སྒྲ་བཤད་ནི། དོན་གྱི་གཞིའམ་
རྩ་བ་སེམས་ལྟ་བུ་རྒྱུ་རྐྱེན་གང་ལས་བྱུང་། ངོ་བོ་དང་དབྱིབས་སོགས་ཇི་ལྟ་བུར་འདུག་སྙམ་དུ་བརྟགས་པ་
ན་
གང་དུའང་ངོ་བཟུང་དང་བྲལ་བས་ན་དེ་སྐད་ཅེས་བྱའོ། ༿ཡང་ན། བདེ་སྡུག་བི་ཉམས་མོང་ཐམས་
ཅུ་ད་ནི་དཔེར་ན་རྨི་ལམ་ན་བདེ་སྡུག་ཉམས་སུ་མོང་བ་བཞིན་ཏེ་དེ་གཞི་མ་གྲུབ་པ་ཡིན། དྲན་རྟོག་མཐའ་
དག་ནི་དཔེར་ན་ནམ་མཁའི་སྤྲིན་བཞིན་བྱུང་ས་དང་གནས་ས་ད་ང་ཐིམ་ས་དང་བྲལ་བས་རྩ་བྲལ་ཡིན།
ཞེས་ཀརྨ་པ་དབང་ཕྱུག་རྡོ་རྗེས་གསུངས་པ་ལྟར་རོ།
གཞི་བསུམ་གྱིས་བསྡུས་པའི་རྣམ་དཀར། གཞི་གསུམ་གྱིས་བསྡུས་པའི་རྣམ་དཀར་གྱི་ཕུང་པོ་ཞེས་པའི་གཞི་
གསུམ་ནི། སྦྱིན་པ་ལས་བྱུང་བའི་གཞི་དང་། ཚུལ་ཁྲིམས་ལས་བྱུང་བའི་གཞི་དང་། བསྒོམས་པ་ལས་བྱུང་
བའི་གཞི་གསུམ་
ལ་བྱ་བར་དའུལ་ཆུའི་གསུང་དྲི་ལན་དུ་གསལ་ལོ།
བཞིགས་པ། འཇིག་པའི་འདས་པ་སྟེ། ཞིག་པའི་འབྲི་ཚུལ་གཞན།
གཞིའི་སྐུ་གསུམ། ཐ་མལ་པའི་སྐྱེ་བ་གཞིའི་སྤྲུལ་སྐུ། ཐ་མལ་པའི་འཆི་བ་གཞིའི་ཆོས་སྐུ། ཐ་མལ་པའི་བར་དོ་
གཞི
འི་ལོང་ས་སྐུའོ།
གཞིའི་བོད། ༿ ཙ་རླུང་ཐིག་ལེའི་རྣམ་གཞག་ལ་ཟེར། ༿ རིན་པོ་ཆེ་ལྟ་བུའི་གདུལ་བྱ། ཞེས་མཁས་པ་འགའ་
ཞིག་གསུང་།
༿ བཀའ་བརྒྱུད ཐོག་མཐའ་མེད་པའི་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་རང་བཞིན་གྱིས་
འོད་གསལ་བ་གང་ཡིན་པའོ།
ཤེས་བྱ་མཛོད་འགྲེལ་ལ་གཞི་བྱས་ཏེ་བཀོད།
གཞིའི་ཆོས་སྐུ། (4) ཐ་མལ་པའི་འཆི་བ། (2) འཆི་བ་འོད་གསལ། ཐམས་ཅ་ད་སྟོང་པ་སྟེ། ཉེར་ཐོབ་འོད་གསལ་
ལ་ཐིམ་ཞིང་།
ཉེར་ཐོབ་ཀྱི་སྨད་དྲན་མེད་དེ་སང་ས་ནས། གཉིས་སྣང་རགས་པ་ཅུང་ཟད་ཀྱང་མེད་པར།
སྟོན་གྱི་ནམ་མཁའ་གཡའ་དག་པ་ལ་ཟླ་འོད་ཉི་འོད་མུན་པ་སྟ། སློད་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བའི་ཐོ་
རང་ས་ཀྱི་ནམ་མཁའི་རང་
མདོག་ཇི་ལྟ་བ་བཞིན། སྟོང་སང་ཤིན་ཏུ་དངས་པའི་སྣང་བ་སྟོང་ཉིད་མངོན་
སུམ་དུ་རྟོགས་པའི་མཉམ་གཞག་གི་
སྣང་བ་འདྲ་བ་འཆར་བ་དེ་ལ་ཟེར།
གཞིའི་སྤྲུལ་སྐུ། ཐ་མལ་པའི་སྐྱེ་བ་སྟེ། སྐྱེ་གནས་སུ་ཉིང་མཆམས་སྦྱར་ནས་རགས་པའི་ལུས་སུ་སྐྱེ་བ་བླང་ས་པ་ལ་
གཞིའི་
སྤྲུལ་སྐུ་ཟེར།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*