64
བྱས་ཕྲ་མོ་ཡན་ཆད་ལ་ཡང་ལུས་སྲོག་ལ་མི་ལྟ་བར་བསྲུང་བར་བྱའོ་ཞེས་བྱ་བའི་དོན་ན་ནོ། མའི་སོ་ཐར་གྱི་
མདོ
འི་འགྲེལ་པར་གསུང་ས་།
གཡག་ཞར་བས་ཙ་ཟ་བ་ལྟར། ཕྱོགས་གཅིག་མཐོང་ལ་གཅིག་མ་མཐོང་བའི་དཔའོ།
གཡ་ང་གཞི། (4) རི་དགས་ཀྱི་མགོ་སུག་གི་པགས་པ་ཆ་ཆང་བ། (2) མི་ལྤགས་ཀྱི་སྦུ་བས་བཤུས་ཆ་ཆང་བ།
གཡན་པ། ཁྱི་རྔོ་སྟེ། ཟ་འཕྲུག་ལང་ཞིང་ཆུ་སེར་དང་རྣག་ཁྲག་འཛག་པའི་པགས་ནད་ཅིག
གཡན་
པ་ད་གབ་པ་ཚད་ལས་ལྷག་པ་བྱེད་པའི་ལྟུང་བྱེད། འབའ་ཞིག་པ་དགུ་བཅུའི་གྱ་བདུན་པ། གཡན་པ་
དགབ་པ་སྲིད་དུ་ཁྲུ་དྲུག་ཞེང་དུ་ཁྲུ་
གསུམ་སྟེ་དེ་ལས་ལྷག་པར་བྱས་པའོ།
གཡ་མ། ཞར། ཞོར། ད་པེར་ན། གཡམ་ལ་རྒྱུག བཟང་པོ་གཡམ་རྒྱུག་ཅིས་པ་ལྟ་བུ།
གཡམ་ལ་རྒྱུག གཞན་གྱི་ཞར་ལ་རྒྱུག་པ་སྟེ། རང་ལ་ངེས་ཤེས་མེད་པར་གཞན་གྱི་ལད་མོ་བྱེད་པ་ལྟ་བུའོ།
གཡའ་བཟང་བཀའ་བརྦུད། དགས་པོ་བཀའ་བརྒྱུད་ཀྱི་ནང་གསེས་ཤིག་སྟ། འགྲོ་མགོན་ཕག་མོ་གྲུ་པའི་སློབ་མ་
སྐལ་ལྡན་ཡེ་ཤེས་སེང་གེ་ལས་བརྒྱུད་པའི་བཀའ་བརྒྱུད་པའི་གྲུབ་མཐའ་ཞིག
ག་གཡའ་
(4) ཟ་འཕྲུག་ལང་བ། (2) གཡན་པའི་རྣམ་པ་ཉིད་རྣག་མི་འཛག་པའོ།
གཡ་ས་ཆུང་། སྣང་ཆུང་། མཐོང་ཆུང་། དཔེར་ན། རྡོ་རྗེའི་གསུང་རྣམས་ལ་དགོས་པ་སོ་སོར་མཆིས་པས་
གཡས་ཆུང་དུ་མི་བོར་བར་རགས་བསྡུས་སུ་འགོད་ན། ཞེས་པ་ལྟ་བུ།
གཡར། ཁའམ་གདོང་། དཔེར་ན། ཁས་ལེན་པ་ལ་གཡར་ད་མ་ཞེས་པ་ལྟ་བུ། ཞེས་བསྟན་དར་ལྷ་རམས་པ་
གསུང་།
གཡར་ངོ་། གདོང་།
གཡར་འདྲེན། སྤྱན་འདྲེན།
གཡ་ར་ལམ། བརྡ་རྙིང རྨི་ལམ། ཤཱ་རིའི་བུ་མངལ་དུ་ཞུགས་པ་ན་མ་ལ་རྨི་ལྟས་ངོ་མཆར་ཅན་མང་པོ་བྱུང་ཚུལ་
སྟོན་པའི་ཐད་ཀྱི་འདུལ་བ་ལུང་གཞི་ལས། བདག་གི་བྲམ་ཟེ་མོས་རྨི་ལམ་འདི་དང་འདི་ལྟ་བུ་ཞིག་རྨིས་ན་
ཅི་ལ་ལྟ། དེ་ད་ག་གིས་སྨྲས་པ། མཁན་པོ་གཡར་ལམ་དེ་བཟང་སྟེ། ཞེས་གསུངས་པ་ལྟར་རོ།
གཡས་སུ་འཁྱིལ་བ། དུང་དཀར་གཡས་འཁྱིལ་དང་འདྲ།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*