ཕརྡབས་པའི། ཧྲུ་གི་རྣམ་པའི་ས་བོན་ཉིད་མ། རི་རབ་མནྡ་ར་དང་འབིགས་བྱེད། འཇིག་རྟེན་གསུམ་
རྣམས་གཡོ་བ་ཉིད་མ།
ཞེས་གསུང་ས་པའི་འབིགས་བྱེད་ཀྭང་རི་ནག་པོ་འབིགས་བྱེད་ལ་ཟེར། དངུལ་
ཆུའི་སྒྲོལ་
བསྟོད་ཀྱི་ཊི་ཀ་ལས་ཀྱང་དེ་བཞིན་དུ་གསལ། ༿ ཡང་བོད་རྒྱ་ཚིག མཛོད་ཆེན་མོར། རྒྱ་གར་གྱི་
ལྷོ་ཕྱོགས་
སུ་ཡོད་པའི་རི་འདིའི་ཉེ་འཁོར་དཔག་ཚད་བརྒྱ་ཡོད་པ་ལས་ཆུ་ཀླུང་ན་ར་མ་ངཱ་དང་། རླབས་
ལྡན་དང་།
ཤུགས་ལྡན་དང་། ནག་པོ་འཁྱིལ་བ་བཞི་འབབ། ཅེས་ཀྱང་གསལ་བས་འདི་དང་གོང་དུ་ཁོ་བོས་
བཤད་པ་
གཉིས་ཀ་ལ་ཞིབ་དཔྱོད་བྱ་དགོས་པ་འདུག
རི་བོང་རྔུལ། ཆུ་རྔུལ་བདུན་ལ་རི་བོང་རྡུལ་གཅིག
རི་མོར་བྱ་བ། ༿ སྐྱེ་བོ་ཐམས་ཅ་ད་ལས་ཁྱད་པར་དུ་འཕགས་པའི་གནས སུ་གཞག་པ། སློབ་ད་པོནཚུལ་ཁྲིམས་
བསྐྱང་ས་
གསུང་། ༿ མཆོད་པ་འགྲིང་། བརྒྱད་སྟོང་འགྲལ་ཆེན་ལས་གསུངས།
ར་ཥྭིཿ། ལེགས་སྦྱར དྲང་སྲོང་གིམིང་ཡིན་པར་བཤད།
རི་སུལ། ༿རིའི་གཤོང་བུ། རི་འདབས་ཀྱི་གཤོང་བུ། རི་འདབས་ཀྱི ཡུལགཤོང་ཀི་མིང་། ཡབ་སྲས་མཇལ་
བའ་ི་མདོ་ལས།
རི་སུལ་གསེབ་ཏུ་བྱེར་ནས་འཁྲཞིང་གནས། ཞེས་གསུངས་པ་ལྟར་རོ། ༿ རི་སུལ་ནི་
ཆུའི་འོད་པས་ཟོས་པའི་
གཤོང་སྟེ། ལུང་གཞིའི་འགྲེལ་པ་ལས། རི་སུལ་ནི་ཆུའི་འོད་པས་ཟོས་པའི་རི་
སུལ་ལོ།
ཞེས་གསུངས་སོ།
རིག་སྔགས། འཇོམས་ཤིང་སེལ་བ། རིག་སྔགས་ཞེས་པ་གཅོ་བོ་མ་རིགཔ་འཛོམས་ཤིང་སེལ་བའི་དོན་ཡིན་ཀང་། སྐབས་མང་
པོར་
གཞན་འཇོམས་པའི་སྔགས་དང་ངན་སྔགས་ལྐབུ་ཞིག་ལ་གོ་སྟེ། དཔེར་ན་ཀླུའདུལ་བའི་རིག་སྔགས་དང་ཕྱི་རོལ་པའི་རིག་
སྔ
གས་ཞེས་པ་ལྟ་བུ་དང་། གཞན་ཡང་ཏཱ་ར་ན་ཐའི་རྒྱ་གར་ཆོས་འབྱུང་ལས། དེས་དབང་ཕྱུཁུ་ཆེན་པོའི་རིག་སྔགས་བསྒྲུཁས་ཏེ་ཀླུ་
ཞིག་
འདུལ་བར་བརྩམས་པ་ན་མ་ཐུལ་ནས་ཞེས་པ་སྟ་བུ། ཐོབ་པ། ངོ་བོ་ཉིད་རིག་པ། བདེན་པ་གྲུབ་པ་བཅས་ཀྱི་
དོན་ཡིན་ཏ།
ལོ་ཙཱ་བ་རོང་ཟོམ་ཆོས་བཟང་གི་གསུང་ལས། བིདྱ་ཞེས་པ། བིདྡྷ་ཅྭཱ་སྟ། འཇོམས་ཤིང་སེལ་
བ་
ལ་བྱ་བས། མ་རིག་པའི་ཉོན་མོངས་པ་འཇོམས་ཤིང་སེལ་བ་ལ་བཤད། བིདྡྷ་མ་ཅྭི་ཐོབ་པ་ལ་བྱ་བས་
ཕུན་སུམ་ཚོགས་པ་ཐོབ་པ་ལ་བྱ། ངག་གི་རིག་པ་ཐོབ་པ་ལ་ཡང་བྱ། ཡང་ན་བིངུ་སྭ་བྷཱ་བ་སྟ ངོ་བོ་ཉིད་
རིག་པ་
ལ་ཡང་བྱ་བ་དང་། སྤྱིར་བདེན་པ་གྲུབ་པའི་དོན་དུ་ཡང་སྟོན་པས་རིག་སྔགས་ཞེས་བྱའོ། བྱེད་
ལས་ནི།
མ་རྟོགས་པ་བཅོམ་ཞིང་བསལ་ཏེ་དངོས་པོའི་དོན་རིག་པར་བྱེད་དོ། ཞེས་རོང་ཟོམ་ཆོས་བཟང་
གི་
གསུང་ཐོར་བུ་་ན་གསལ། ཀོང་སྤྲུལ་ཡོན་ཏན་རྒྱ མཚོའི་ཤེས་བྱ་མཛོད་ འགྲེ 9་ལས། རིག་སྔགས་ནི།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*