6 5 5
རིག་པའི་རྒྱལ་པོ། རབིདཱ་ར་ཇུ་» ཁྲོ་བོ་ལ་ཟེར། རིག་པའི་རྒྱལ་པོ་ཞེས་པ་ནི། ངེས་དོན་གྱི་ཁྲོ་བོ་རིག་པ་བདེ་སྟོང་
གི་
ཡེ་ཤེས་ཡིན་པས་དེ་སྐད་ཅེས་ཟེར།
རིག་བྱེད་འདོན་པ་ལྟ་བུའི་བཟླས་པ། ཡི་གེ་རིང་ཐུང་བྱེད་པར་སྐད་གསང་ཆེན་པོས་བཟླ་བ་རིག་བྱེད་འདོན་པ་
ལྟ་བུའི་བཟླས་པའོ།

རིག་བྱེད་བཞི། ཕྱི་རོལ་པའི་རིག་བྱེད་ཀྱི་གཞུང་བཞི། ངེས་བརྗོད་། ངེས་བརྔོད་ཀྱི་རིག་བྱེད་ཅེས་བྱ་བ་ནི་ཚིག་གི་ཚད་ངེས་
པ་།
ཤེས་པ་བསྐྱེད་པའི་ཚིག་གོ མཆོད་སྦྱིན། [མཆོད་སྦྱིན་གྱི་རིག་བྱེད་ཅེས་བྱ་བ་ནི་ཚིག་སྦྱར་བའི་ཚད་ངེས་པར་བྱེད་པ་
དག་ག་གོ
སྙན་ཚིག སྙན་ཚིག་གི་རིག་བྱེད་ཅེས་བྱ་བ་ནི་བརྒྱ་སྦྱིན་དང་། ཚངས་པ་ལ་སོགས་པ་ལ་བསྟོད་པའི་ཚིག་དག་ག་གོ
སྲིད་སྲུང་གི་རིག་བྱེད་དང་བཞིའོ། སྲིད་སྲུང་གི་རིག་བྱེད་ཅེས་བྱ་བ་ནི་ཀྱི་དགུ་སྲུང་བའི་ཐབས་སྟོན་པའོ འདུལ་བ་
གཞིའི་རྒྱ་ཆེར་
བཤད་པ་ལས་གསུང་ས།
རིག་གཞུང་། (4) ཤེས་བྱ་ཡོན་ཏན་སྟོན་པའི་གཞུང་། རིག་པའི་གཞུང་ལུགས། (2) དམང་ས་ཁྲོད་ཀྱི་སྐད་ཆའི་
ནང་།
ཆོས་དང་རིག་གཞུང་ཞེས་པའི་རིག་གཞུང་དི། མི་རིགས་ཀྱི་ཁྱད་ཆོས་དང་གོམས་སྲོལ་ཤེས་ཡོན་ལྟ་
བུ་ཞིག་ལ་ངོས་འཛིན་བྱེད།

རིག (4) རྒྱུ། འཕགས་པའི་རིགས་བཞི་ལྟ་བུ། (2) འབྱུང་ཁུང་ས། གསེར་མང་པོ་ཡོད་པའི་རི་ལ་གསེར་གྱི་
ཁམས་སམ་རིགས་ཞེས་བརྗོད་པ་ལྟ་བུ། (8) མི་རྒྱུད། རྒྱལ་པོ་ལ་སོགས་པའི་མི་རྒྱུད་ལ་རྒྱལ་པོའི་རིགས་
ཞེས་བརྗོད་པ་ལྟ་བུ། (4) འོས་ཤིང་བཟང་བ། འཐད་པ། དཔེར་ན་དེ་ནི་ཤིན་ཏུ་རིགས་སོ། ཞེས་པ་ལྟ་བུ།
(8) རང་བཞིན། དཔེར་ན་སྨན་གྱི་རིརིགས། དུག་གི་རིགས། ཞེས་པ་ལྟ་བུ། (6) བྱེ་བྲག་གམ་ཁྱད་པར།
དཔེར་ན་སྨན་གྱི་རིགས་སྣ་ཚོགས་པ།
རིགས་ཀྱི་བུ། [མདོ ཐེག་ཆེན་གྱི་རིགས་དང་ལྡན་པའི་བུ་ཡིན་པས་ན་རིགས་ཀྱི་བུ། ཡང་ན། ཐེག་པ་རང་རང་གི་
རིགས་དང་ལྡན་པས་རིགས་ཀྱི་བུ། སྔགས འབོད་པ་སྟེ། རིགས་ནི་རྡོ་རྗེའི་རིགས་ལ་སོགས་པའི་རིགས་
རྣམས་
ཡིན་ལ། བྱང་ཆུབ་སེམས་དཔའ་དེ་རྣམས་རིགས་དེ་རྣམས་ལས་སྐྱེས་པས་ན་རིགས་ཀྱི་བུའོ།
རྗེའི་འགྲེལ་པ་བཞི་སྦྲགས་ན་གསལ།
རིགས་བརྒྱ། གསང་འདུས་ལྷ་སོ་གཉིས་ཀྱི་ཁྲོ་བཅུ་ད་ང་བྱམས་པ་ཀུན་བཟང་བཅ་ས་ཕུད་པའི་ལྷག་མ། གཤེགས་པ་
ལྔ།
ཡུམ་བཞི། ས་སྙིང་སོགས་སེམས་དཔའ་དྲུག། གཟུགས་རྡོ་རྗེ་མ་སོགས་ལྔ་སྟེ། ལྟ་ཉི་ཤུ་པོ་རྣམས་ལ།
རྣམ་སྣང་གི་རྣམ་སྣང་། རྣམ་སྣང་གི་མི་བསྐྱོད་པ། རྣམ་སྣང་གི་རིན་འབྱུང་། རྣམ་སྣང་གི་འོད་དཔག་མེད།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*