6 56
རྣམ་སྣང་གི་དོན་གྲུབ་བཅ་ས། ལྷ་རེ་རེ་ལ་རིགས་ལྔ་ལྔར་ཕྱེ་བས་དམ་པ་རིགས་
བརྒྱའོ།
རིགས་བརྒྱའི་ཁྱབ་བདག རྒྱལ་བ་རྡོ་རྗེ་འཆང་།
རིགས་ལྔ། (4) རྒྱལ་བ་རིགས་ལྔ་སྟེ། རྣམ་སྣང་། རིན་འབྱུང་། འོད་དཔག་མད། དོན་གྲུབ། མི་བསྐྱོད་པ་སྟེ་
ལྔའོ།
(2) རྒྱལ་བ་རིགས་ལྔ་མཚོན་བྱེད་ཀྱི་ཅོད་པན། རྒྱལ་བ་རིགས་ལྔ་ལ་གཟིགས།
རིགས་ལྡན། རང་བཞིན་གྱིས་འཛམ་པའོ། ཞེས་སློབ་དཔོན་ཚུལ་ཁྲིམས་བསྐྱང་ས་གསུང་།
རིགས་པ་བཞི། བལྟོས་པའི་རིགས་པ། བྱ་བ་བྱེད་པའི་རིགས་པ། འཐད་པའི་བསྒྲུབ་པའི་རིགས་པ། ཆོས་ཉིད་ཀྱི་
རིགས་པ་ད་ང་
བཞིའོ།
རིགས་པའ་ད་གག་ག་བྱ། (4) བདིན་འཛིན། (8) དགག་བྱ་རང་བཞིན་གྱིས་ཡོད་པ།
རིགས་པའི་རྒྱལ་པོ་རྟེན་འབྲེལ་གྱི་གཏན་ཚིགས། མུ་གུ་ཆོས་ཅན། རང་བཞིན་གྱིས་མེད་དེ། རྟེན་འབྲེལ་ཡིན་
པའི་ཕྱིར་ཞེས་པའི་
རིགས་པ་ལ་ཟེར། འདི་ལ་རིགས་པའི་རྒྱལ་པོ་ཞེས་བརྗོད་པའི་རྒྱུ་མཆན་ནི། ལྕང་སྐྱའི་
གྲུབ་མཐར་
གསུངས་པ་ལྷར། ད་པེར་ན་བློན་པོ་རྣམས་ཀྱིས་བྱ་བ་ཆེ་ཆུང་གང་ལའང་ལྐོག་ཏུ་གྲོས་ཇི་ཙམ་
བྱས་ཀྱང་།
མཐར་རྒྱལ་པོ་ལ་གཏུགས་ཏེ་ཐག་གཅོད་དགོས་པ་བཞིན་དུ། རིགས་པ་གཞན་རྣམས་ཀྱིས་
དཔྱད་པ་
ཅི་ཙ་མ་བྱས་ཀྱང་མཐར་རྟེན་འབྲེལ་ལ་གཏུགས་ད་གོས་པའི་གནད་ཀྱིས་ཡིན་པར་གསུང་ས་ལ།
ཡང་རྗེ་གུང་ཐང་བསྟན་པའི་སྒྲོན་མེའི་རྗེའི་བསྟོད་པ་དོན་ལྡན་མའི་འགྲེལ་པ་ལས། མཐའ་གཉིས་ཅིག་ཅ་ར་
དུ་སེལ་
བའི་རྒྱུ་མཆ་ན་གྱིས་རིགས་པའི་རྒྱལ་པོ་ཞེས་བཏགས་པར་གསུངས་ཏེ། སྣང་བ་རྒྱུ་མཚན་དུ་བྱས་ཏེ་
གདགས་གཞིའི་ངོ
ས་ནས་མ་གྲུབ་པ་དང་། རང་བཞིན་གྱིས་སྟོང་པ་རྒྱུ་མཆན་དུ་བྱས་ཏེ་སྣང་བ་ཅིར་ཡང་
འཆར་
རུང་བར་བསྒྲུབས་པས་མཐའ་གཉིས་སེལ་ཚུལ་འདི་ནི། གོང་དུ་སྨོས་པ་ལྟ སྟོང་པ་ཞེས་པ་དང་
རྟེན་འབྱུང་ཞེས་པ་དོན་གོ་ཚུལ་གཅིག་ཏུ་འབབ་པ་ལ་ཐུག་པས། གཏན་ཚིགས་འདི་ལ་མཐའ་གཉིས་ཅིག་
ཅ་ར་
སེལ་བའི་རིགས་པའི་རྒྱལ་པོ་ཞེས་གསུངས་ས་སོ། ཞེས་གསུང་ས། རྗེའི་ལེགས་བཤད་སྙིང་པོ་ལས།
ཐོག་མར་གང་ཟག་ལ་རྣམ་པ་བདུན་དུ་བཙལ་ན་མི་རྙེད་པ་ད་ང་རང་གི་ཕུང་པོ་ལ་བརྟེན་ནས་འདོགས་པ་
འདི་གོ་སླ་བས་འཁྲིད་པའི་རིམ་པ་ཡང་དེ་བཞིན་ན་ནོ།
འདི་ཡང་ཕྱུང་པོ་ལ་བརྟེན་ནས་བཏགས་པ་ཉིད་ཀྱིས་
བདུན་པོ་དེར་གང་ཟག་མི་རྙེད་པ་གང་ཟག་གི་བདག་མེད་
ཀྱི་དོན་ཡིན་པས་རྟེན་འབྱུང་གི་རིགས་པ་ལ་ཐུག་
ག་གོ།
ཞེས་གསུངས་པ་ནི་ལྕང་སྐྱའི་གསུང་གི་ཁུངས་བཅོལ་ས་ཡིན་པར་མངོན།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*