ལེགས་བཤད་གསེར་ཕྲེང་། ལེགས་བཤད་སྙིང་པོ། འཇུག་པའི་ཊིཀ་ཆེན། ལམ་རིམ་ཆེ་ཆུང་། སྔགས་
རིམ་ཆེན་།
རིམ་ལྔ་གསལ་སྒྲོན་སོགས་སུ་རིགས་ཚོགས་དྲུག་གི་ཐ་སྙད་མི་འབྱུང་ཞིང་། གསེར་ཕྲེང་
ལས་ཀྱང་
རིགས་ཚོགས་ལྔའི་ཐ་སྙད་འབྱུང་གི་དྲུག་ཅེས་པ་ཁ་ཅིག་གི་བཞེད་པར་བསྟན་པའི་ཕྱིར་ཏེ། དེ་ཉིད་
ལས།
དེ་ཡང་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཀྱིས་བསྒྲུབ་བྱ་བདེན་དངོས་ད་ང་སྒྲུབ་བྱེད་རྟོག་བེའི་རིགས་པ་
འགོག་པ་གཉིས་ཀྱི་དབང་དུ་མཛད་ནས། དང་པོ་ལ་རང་གཞན་གྱི་སྡེ་པ་ཐུང་མོང་དུ་འགོག་པ་དབུ་མའི་རྩ་
བ།
དེའི་རབ་བྱེད་དང་པོ་རྐྱེན་བརྟག་པ་ལས་འཕྲོས་པ་རྩོད་པ་བཟློག་པ། རབ་བྱེད་བདུན་པ་སྐྱེ་གནས་
འཇིག་པ་བརྟག་པ་ལས་འཕྲོས་པ་སྟོང་ཉིད་བདུན་
བཅུ་པ། རང་སྡེ་བྱེ་བྲག་ཏུ་འགོག་པ་རིགས་པ་དྲུག་ཅུ་པ་
སྟེ་བཞི།
སྒྲུབ་བྱེད་རྟོག་གོའི་ཚིག་དོན་བཅུ་དྲུག་འགོག་པ་ཞིབ་མོ་རྣམ་འཐག་སྟེ་ལྔའོ། འདི་ལ་ཁ་ཅིག་ཐ་
སྙད་གྲུབ་པའམ་རིན་ཆེན་ཕྲེང་བའམ་ག་ལས་འཇིགས་མེད་བསྣན་ནས་རིགས་ཚོགས་དྲུག་གི་གྲངས་ངེས་
འདོད་པ་དང་།
ཞེས་གསུངས། འོ་ན་གསེར་ཕྲེང་གི་ལུང་སེ་ར་རྗེ་བཅུན་ཆོས་ཀྱི་རྒྱལ་མཚན་གྱི་སྐབས་དང་
པོའི་
སྤྱི་དོན་དུ་དྲངས་པ་ན་འདུག་སྙམ་ན། དེ་ནི་ཡི་གེ་མ་དག་པ་ཡིན་ཏེ། གསེར་ཕྲེང་ལས། དངོས་བསྟན་
སྟོང་ཉིད་ཀྱི་དོན་རིགས་ཚོགས་དང་།
ཞེས་གསུང་ས་པ་ཙ་མ་ལས་དྲུག་ཅེས་པའི་ཐ་སྙད་མ་གསུངས་སོ། སྒྲ་
བཤད་ནི།
ཟབ་མོའམ་དབུ་མའི་དོན་རིགས་པས་སྒྲུབ་པས་རིགས་ཚོགས་ཀྱི་ཐ་སྙད་བྱེད་དོ། དེས་ན་རིན་
ཆེན་ཕྲེང་
བས་ཟབ་དོན་གཙོ་བོར་མི་སྟོན་པས་རིགས་ཚོགས་ཀྱི་གྲས་སུ་འགྲོ་མི་འགྲོ་དཔྱད་པར་བྱའོ།
བཀའ་བརྒྱུད་པའི་གཞུང་རྣམས་སུ་རིགས་ཚོགས་ལྔའི་ཐ་སྙད་བྱེད།
རིགས་རུས། ཕ་ཡི་ཕྱོགས་ཀྱི་གཉེན་གྱི་མིང་།
རིགས་རུས་ཆོ་འབྲང་། ཕའི་རྒྱུད་ལ་རིགས་རུས་དང་། མའི་རྒྱུད་ལ་ཆོ་འབྲང་ཟེར། རྒྱལ་མཆོག་ལྔ་པ་ཆེན་པོའི་
རང་རྣམ་དུ་ཀཱུ་ལའི་གོས་བཟང་ལས། རིགསརིགས་ནི་མཁས་མཛངས་དཔའ་ཞིང་རྟུལ་ཕོད་པ་བཀའ་
བཙ་ན་
ལ་དཀྱེལ་ཆེ་བ་གཞུང་བཟང་ལ་འགྲོགས་བདེ་བ་སོགས་ཡ་རབས་ཀྱི་སྤྱོད་ཚུལ་ཅི་རིགས་ད་ང་ལྡན་པ།
རུསརུས་ནི་རིགས་མ་ཉམས་པའི་ཕ་དེའི་རྒྱུད་ལས་བྱུང་། ཆོཆོ་ནི་ཞང་པོ་ཁུངས་དང་ལྡན་པ།
འབྲང འབྲང་བ་ནི་བཤད་མ་ཐག་པ་གསུམ་པོ་དང་ལྡན་པའི་སྤྱོད་པའི་འབྲང་ས་འཛིན་པ་ཡིན་ཞེས་གསལ།
རིགས་གསུམ། གསང་བ་རིགས་གསུམ་ལ་གཟིགཟིགས།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*