660
པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། ཕྱག་གདུབ། ཞབས་གདུབ། སྐ་རགས།
དོ་ཤལ། རིན་པོ་ཆེའི་དོ་ཤལ་ལྟེ་འོག་ཡན་འཁོར་བ། སེ་མོ་དོ། ནུ་མའི་བར་སླེབ་པའི་དོ་ཤལ་ཐུང་བ།
རིན་པོ་ཆེ་ལྟ་བུའི་གང་ཟག རྒྱུད་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་ལྔའི་ཡ་གྱལ་ཏེ། ཚུལ་ཁྲིམས་ད་ང་ལྡན་ཞིང་མཁས་
པ།
མགོ་སྨོས་པས་གོ་བའི་ཤེས་རབ་དང་ལྡན་པ། བླ་ན་མེད་པའི་ཐེག་པར་རིགས་ངེས་པ། ཐོས་དོན་
གཞན་ལ་ལེགས་པར་སྟོན་ནུས་པའི་གདུལ་བྱ་མཆོག་ག་གོ། སྒྲ་བཤད་ནི། རྙེད་པར་དཀའ་ཞིང་འདོད་པའི་
འབྲས་བུ་འབྱིན་པས་
རིན་པོ་ཆེ་དང་འདྲ་བས་དེ་སྐད་ཅེས་བཏགས་སོ། རྗེའི་འགྲེལ་པ་བཞི་སྦྲགས་ལ་གཞི་
བྱས་ཏེ་
བཀོད་།
རིན་པོ་ཆེ་ལ་རེག་པའི་ལྟུང་བྱེད་། ལོང་ས་པ་གཞིར་གཏོགས་ཀྱི་ལྟུང་བྱེད་དང་འདྲ།
རིམ་གྱིས་པ། ༿ རིམ་པ་བཞིན་དུ་བགྲོད་པ། རིམ་པ་མཐར་ཆགས་སུ་འགྲོ་བ། ༿ ཕྱག་ཆེན དབང་པོ་རྟུལ་
པོ
འམ་སྔོན་སྦྱང་ས་ཆུང་ངུར་གོ་པྱོང་རྟོགས་གསུམ་དང་རྣལ་འབྱོར་བཞི་རིམ་གྱིས་སྐྱེ་བའི་ཚུལ་ཞིག་སྟེ།
ད་པེར་ན། གཅོང་རོང་གི་ལུང་པ་མ་ཡིན་པའི་གནམ་ཁ་ཞེང་ཅ་ན་གྱི་ལུང་པར་ཉི་མ་ཤར་མ་ཐག་ས་རྡོ་དྲོས་
པ་དང་། འཁྱག་པ་འཇུ་བ་མི་ནུས་པ་དང་འདྲ་བར་བ་ཤད།
རིམ་གྲོ་པ། རྒྱུན་པར་སྐུ་མདུན་དུ་སྡོད་མཁན།
རིམ་ལྔ། (1)རིམ་པ་ལྔ་དང་དོན་འདྲ་། རིམ་པ་ལྔ་ལ་གཟིགས། (1) འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་གསང་འདུས་
ཀྱི་འགྲེལ་པ་ཞིག། རིམ་པ་ལྔ་པ་དང་དོན་གཅིག རིན་ཆེན་བཟང་པོའི་འགྱུར།
རིམ་ལྔ་གདན་རྫོགས། རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྫོགས་རིམ་རིམ་ལྔ་གདན་རྫོགས་ཀྱི་དམར་
ཁྲིད་
ཅིས་བྱ་བ། རྗེ་ཙོང་ཁ་ཆེན་པོས་མཛད། སྒྲ་བཤད་ནི། རིམ་ལྔ་སྟན་གཅིག་གི་སྟེང་དུ་འཁོར་ལོ་ཅན་དུ་
རྫོགས་པར་
སྒོམ་པ་ལ་རིམ་ལྔ་གདན་རྫོགས་ཟེར་བས། ཞེས་རྗེའི་རིམ་ལྔ་གསལ་སྒྲོན་ན་གསལ།
རིམ་ལྔ་ལམ་གྱི་རིམ་པར་བསྒྲིགས་ཚུལ། བསྐྱེད་རིམ་ཚོགས་ལམ་ལུས་དབེན་སྦྱོར་ལམ་གྲོད། ལུས་དབེན་ལ་
ཡང་བསྐྱེད་རྫོགས་གཉིས་ཀ་ཡོད། ངག་དབེན་རྩེ་མོ་སེམས་དབེན་བཟོད་པའོ། ལུས་དབེན་སྐབས་སུ་
གཏུམ་མོའི་
རྣལ་འབྱོར་གྱིས། ཡས་བབས་མས་བརྟན་དགའ་བཞི་འདྲེན་པའི་ལམ། གཙོ་བོར་བསྐྱེད་པའི་
ཆ་ནས་དྲོད་ཅེས་བཤད། ངག་དབེན་སྐབས་སུ་སྟེང་གི་སྣ་རྩེའི་རླུང་། དབང་དུ་སྡུད་པའི་ནུས་པ་ཐོག་མ་
རུ།
སྐྱེ་བར་འགྱུར་བས་སྦྱོར་ལམ་རྩེ་མོ་དང་། སེམས་ད་བེན་སྐབས་སུ་ཤིན་ཏུ་ཕྲ་བའི་སེམས། ཀུན་
རྟོག་བརྒྱད་ཅུ
ས་བསྐྱོད་ནས་བདེ་སྡུག་གིས། བསྐྱེད་པའི་འཁྲུལ་སྣང་བཟོད་པས་བཟོད་པ་དང་། འཇིག་རྟེན་


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*