676
བརྙེས་ནས་ཡུལ་ཨོ་ཌི་བི་ཤའི་རྒྱལ་པོ་དང་བློན་པོ་རྫུ་འཕྲུལ་གྱིས་བཏུལ། ཕྱིས་རྒྱལ་པོས་གྲུབ་པ་ཐོབ་པ་ངཱ་
རི་ཀ་པ་
སྟེ་འཁོར་ཁྲི་དྲུག་སྟོང་དང་བཅས་པ་འཇའ་ལུས་ཐོབ། བློན་པོ་གྲུབ་པ་ཐོབ་པ་ནི་ཌིཔི་པ་སྟེ་འཁོར་ལྔ་
བརྒྱ་དང་བཅ་ས་པ་
འཇའ་ལུས་བརྙེས་སོ། སློབ་དཔོན་འདིས་རྣལ་འབྱོར་མ་ཀུན་སྤྱོད་ཀྱི་རྒྱུད་སོགས་སྤྱན་
དྲངས་ཤིང་
འཁོར་ལོ་སྡོམ་པའི་མངོན་རྟོགས་ཀྱི་གཞུང་མཛད། དེ་ལ་ལྭ་བ་པས་འགྲེལ་པ་མཛད། རྒྱ་བོད་
ཐམས་ཅ་ད་
དུ་ཤིན་ཏུ་དར་ཞིང་འཁོར་ལོ་སྡོམ་པའི་ཆོས་ཚུལ་གྱི་ཆུ་འགོ་ལྟ་བུར་གྲགས་སོ།
ལ་ཧི་པ། ལེགས་སྦྱར ལ་ཡི་པ་དང་འདྲ།
ལུག་ཁྱིམ། དཔྱིད་ཀྱི་དུས། སྒྲ་བཤད་ནི། ལུ་གུ་སྐྱེ་བའི་དུས་ཡིན་པས་དེ་སྐད་བརྗོད།
ལུག་རྡུལ། རི་བོང་རྡུལ་བདུན་ལ་ལུག་རྔུལ་གཅིག
ལུགས་ལྡོག
(4) སྔ་མ་སྔ་མ་འགགས་པས་ཕྱི་མ་ཕྱི་མ་འགག་པ། སྒྲ་བཤད་ནི། ཡོངས་གྲགས་ཀྱི་ལུགས་སྲོལ་ལས་
ལྡོག་པས་ན་ལུགས་ལྡོག་གོ། (2) འོག་ནས་གྱེན་དུ་འགྲོ་བ། ལུགས་ལྡོག་གི་དགའ་བ་བཞི་ལྟ་བུ།
ལུགས་འབྱུང་། (4) ཡོངས་གྲགས་ཀྱི་གོ་རིམ་ལྟར་འབྱུང་བ། དཔེར་ན་རྒྱུ་ལས་འབྲས་བུ་འབྱུང་བ་ལྟ་བུ། སྒྲ་བཤད་
ནི།
ཡོངས་གྲགས་ཀྱི་ལུགས་སྲོལ་ལྟར་འབྱུང་བས་ན་ལུགས་འབྱུང་ངོ་། (2) སྟེང་ནས་འོག་ཏུ་འབབ་པ་ལ་
ཟེར།
ལུགས་འབྱུང་གི་དགའ་བ་བཞི་ལྟ་བུ།
ལུང་གི་ཚད་མ། དཔྱད་གསུམ་གྱིས་དག་པའི་ལུང་གི་རྟགས་ལས། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། ཞེས་
པའི་ལུང་རང་གི་བསྟན་བྱའི་དོན་ལ་མི་སླུ་བར་རྟོགས་པའི་རྗེས་དཔག་ལྟ་བུ་ལ་བྱེད།
རིགས་པའི་དབང་
ཕྱུག་རྗེ་
བཅུན་ཆོས་ཀྱི་རྒྱལ་མཚན་གསུང་།
ལུང་བསྟན་དབྱུག་དབྱུང་། ལུང་བསྟན་པའི་སྒོ་ནས་གཟེངས་བསྟོད་པ།
ལུང་བསྟན་པའི་སྡེ། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་གསུམ་པ་ལུང་བསྟན་པའི་སྡེ་ནི། གང་ལས་ཉན་ཐོས་
འདས་ཏེ་ཤི་
འཕོས་པ་དང་མ་འོངས་པ་ན་འབྱུང་བ་ལུང་སྟོན་པ་དང་ངེས་དོན་གྱི་མདོ་སྡེ་ནི་ལུང་བསྟན་
པའི་སྡེ་དང་།
ཞེས་མཆིམས་མཛོད་གསུང་།
ལུང་རྣམ་འབྱེད། འདུལ་བ་ལུང་སྡེ་བཞིའི་ཡ་གྱལ་ཏ། སོ་ཐར་གྱི་མདོའི་དངོས་བསྟན་གྱི་ཆ་གཙོ་བོར་འགྲེལ་པའི་
མདོ།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*