ཆད་ནི་བླ་གོས་དང་འདྲ་བར་མཚོ་ཊིཀ་ལས་བཤད་དོ། དེ་དང་རྔེལ་གཟན་གཉིས་ཆད་མཉམ་ཞིང་གླེགས་
བུ་
ཡོད་པ་ཞིག་ཏུ་བཤད།
ཤིང་གཅིག་དྲུང་། ཤིང་གཅིག་གི་ཉེ་འདབ། སྒྲ་བཤད་ནི། ཤིང་གཅིག་ནི། ཤིང་དེས་གྲིབ་མས་ཤིང་གཞན་མི་ནོན།
ཤིང་གཞན་གྱི་གྲིབ་མས་ཤིང་དེ་མི་ནོན་པའམ། ཡང་ན་རྒྱང་གྲགས་གཅིག་གི་ཁོར་ཡུག་ཏུ་ཤིང་གཞན་མེད་
པ་ལ་ཟེར།
རྗེའི་འགྲེལ་པ་བཞི་སྦྲགས་ལྟར་བཀོད། དྲུང་ནི་རྩ་བའམ་ཉེ་འདབས་ཀྱི་མིང་།
ཤིང་ཏ་ལ། ཏ་ལ་དང་འདྲ།
ཤིང་ཏོག་པི་ཛ་པུ་ར། སེ་འབྲུ་ཡིན་པར་དུས་འཁོར་མཆན་བུ་ལས་བཤད་ཅ་ས། ཀློང་རྡོལ་བླ་མ་གསུང་།
ཤིང་རྟའི་སྲོལ་འབྱེད་། སྔར་སྲོལ་ཉམས་པ་སོར་ཆུད་དེ་རྒྱ་ཆེར་སྤེལ་མཁན་ཞིག་ལ་ཟེར། མང་པོས། е-
ཞེས་བསྒྱུར་ཀྱང་།
དེ་ནི་སྲོལ་སྔར་མེད་གསར་དུ་གཏོད་པ་པོ་ཙ་མ་ཞིག་ལ་ཟེར་ལ། ཤིང་རྟའི་སྲོལ་འབྱེད་
ནི།
སྔར་སྲོལ་བར་སྐབས་སུ་ཉམས་ཏེ་ཉག་ཕྲར་གྱུར་པ་སླར་ཡང་སོར་ཆུད་དེ་སྤེལ་མཁན་ཞིག་ལ་ཟེར་
བས་
ཁྱད་པར་ཆའོ། སྒྲ་བཤད་ནི། སྔར་གྱི་རྒྱ་ལམ་ལྟ་བུའི་སྲོལ་དེ་ཉིད་བར་སྐབས་སུ་ཕལ་ཆེར་ནུབ་སྟེ་
རྐང་ལ
མ་ལྟ་བུར་གྱུར་པ་ལ། སླར་ཡང་སོར་ཆུད་དེ་ཤིང་རྟ་འགྲོ་བསྐྱོད་བྱེད་ཆོག་པའི་ལམ་ཆེན་དུ་འགྱུར་
བར་བྱེད་པ་པོ་
ལྟ་བུ་ཞིག་ལ་ཤིང་རྟའི་སྲོལ་འབྱེད་ཅེས་བྱའོ། འདི་ཡང་བདག་གི་བླ་མ་དམ་པ་དགེ་བའི་
བཤེས་གཉེན་
ཆེན་པོ་བཀྲ་ཤིས་འབུམ་གྱི་ཞལ་སྔ་ནས་ཀྱིས་དཔེ་ཁྲིད་སྐབས་ཡང་ཡང་གསུང་བ་གོ་རྒྱུ་
ཆའོ། ཡང་ན་ཤིང་རྟ་སོང་བའི་འཕང་ལོས་བཏོད་པའི་ལམ་ལ་ཤིང་རྟའི་སྲོལ་འབྱེད་ཅེས་བརྗོད་ཀྱང་རུང་
ར་སེམས་ཏེ། འདུལ་བ་གཞིའི་རྒྱ་ཆེར་འགྲེལ་ལ་ལས། ལམ་སྲོལ་ཞེས་བྱ་བ་ནི་ཤིང་རྟ་འགྲོ་བའི་འཕང་
ལོས་དྲ་ངས་པའི་རྗེས་ས་སོ།
ཞེས་གསུངས། ཚུལ་དེའི་དོན་ལ་གོ་བ་ལེགས་པར་ཆགས་ན། ཤིང་རྟ་ཆེན་པོ་
ཞེས་
པའི་ཚིག་ཐོས་པ་ཙ་མ་གྱིས་བཀའ་དྲིན་རྗེས་སུ་དྲན་པའི་ད་ད་གུས་ཀྱི་སྤུ་ལོང་དབང་མེད་དུ་གཡོ་བ་ཞིག་
འོང་ངོ་། རྗེ་ཙོང་ཁ་པ་ཆེན་པོས་ཀྱང་། རེས་འགའ་རྒྱལ་ལ་དད་པའི་དགའ་བ་རྒྱས། སྐབས་འགར་ཤིང་
རྟ་ཆེན་པོའི་སྐུ་དྲིན་དྲན།
གཞན་ཚེ་མཁས་པའི་བཤེས་ལ་བུས་པ་ དང་། ཉམ་ཆུང་འགྲོ་ལ་སྙིང་ནས་
བརྩེ་བ་དང་།
བསྟན་པ་རིན་ཆེན་རིང་དུ་གནས་འདོད་པ། འདི་ད་ག་ཕན་ཚུན་འགྲན་ཞིང་འཕེལ་བར་
འགྱུར།
ཞེས་གསུང་ས་པ་ལྟར་ར། དེས་ན་སྲོལ་གཏོད་པ་པོ་ད་ང་། ཤིང་རྟའི་སྲོལ་འབྱེད་གཉིས་ཀྱི་ཁྱད་
པར་མ་འདྲེས་པ
ར་ཤེས་པར་བྱའོ།



tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*