693
ཤིང་བལ་གྱིས་གོས་པར་བྱེད་པའི་ལྟུང་བྱེད། འབའ་ཞིག་པ་དགུ་བཅུའི་གྱ་དྲུག་པ། དགེ་འདུན་གྱི་གནས་མལ་
ལ་ཤིང་བལ་
གྱི་གོས་པར་བྱས་པའོ།
ཤིང་ལོ་མ་བདུན་པ། ལོ་མ་བདུན་ཆན་བདུན་ཆན་དུ་བྱས་ནས་ཡོད་པའི་ཤིང་ཞིག
ཤིང་ཤ་པ།
དྲི་ཉལ་ཏེ་ཨ་ཀ་རུའི་མིང་པར་བཤད།
བྲིང་གི། ལེགས་སྦྱར དུག་དམར་པོ་སྟེ། བའི་ར་ལ་བསྐུས་ན་འོ་མ་དམར་པོ་འོང་བའི་དུག་ཅིག། རྗེའི་འགྲེལ་པ་
བཞི་སྦྲགས་ན་གསལ།
ཤིན་ཏུ་རྒྱས་པའི་སྡེ། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་བཅུ་པ་ཤིན་ཏུ་རྒྱས་པའི་སྡེ་ནི། གང་ལས་བླ་ན་མེད་པ་
ཡང་ད་ག་པར་རྫོགས་པའི་བྱང་
ཆུབ་དང་སྟོབས་བཅུ་ལ་སོགས་པ་དང་སྒྲིབ་པ་མིད་པའི་ཡེ་ཤེས་སྒྲུབ་པར་
བྱེད་པ་བྱང་ཆུབ་སེམས་ད་པའ་རྣམས་ཀྱི་
ལམ་བསྟན་པའི་སྡེ་སྣོད་དོ།
ཤིན་ཏུ་ཕྲ་བའི་སེམས། གཉུག་སེམས་ཕྲ་མོ་དང་འདྲ།
ཤིན་སྦྱང་ ༿ ལུས་སེམས་ལས་རུང་དུ་བྱེད་པའི་སེམས་བྱུང་། དེ་ནི་ད་པེར་ན། གླང་པོ་ཆེ་འདུལ་སྦྱོང་
མཁན་
དང་འདྲ། ༿ ལུས་སེམས་ལས་སུ་རུང་བའི་ཆ། འདི་ནི་དུལ་བའི་གླང་པོ་ཆེ་དང་འདྲ།
ཤིན་སྦྱངས་ཀྱི་བདེ་བ། ལུས་སེམས་ལས་རུང་གི་ཆ་ནི་ཤིན་སྦྱངས་ཡིན་ལ། དེ་ལ་བརྟེན་ནས་ལུས་སེམས་ལ་
བདེ་ཉམས་ཆེན་པོ་སྐྱེ་བ་
དེ་ལ་ཟེར།
ཤིན་སྤྱངས་གཉིས་དང་བདེ་བ་གཉིས་ཀྱི་སྐྱེ་བའི་གོ་རིམ། ཤིན་བྱང་ས་གཉིས་ཀྱི་ནང་ནས་དང་པོར་སེམས་
ཤིན་སྦྱངས་སྐྱེ།
བདེ་བ་གཉིས་ཀྱི་ནང་ནས་དང་པོར་ལུས་ཤིན་སྦྱང་ས་ཀྱི་བདེ་བ་སྐྱེ་བ་ཡིན་ཏེ། སེམས་
དམིགས་པ་ལ་རྩེ་གཅིག་ཏུ་མཉམ་པར་གཞག་སྟོབས་ཀྱིས་སེམས་ལས་
རུང་སྐྱེ། དེའི་རྗེས་སུ་ལུས་ལས་
རུང་
སྐྱའོ། དེ་ལ་བརྟེན་ནས་ལུས་ལ་བདེ་ཉམས་ཆེན་པོ་སྐྱེ། དེ་ལ་བརྟེན་ནས་སེམས་ལ་དགའ་བདེ་སྐྱེ་
བའི་ཕྱིར་རོ།

ཤིན་ཏུ་སྟོང་པ། སྔགས སྟོང་པ་བཞིའི་ཡ་གྱལ་། སྒྲ་བཤད་ནི། སྣང་བ་རླུང་ད་ང་བཅ་ས་པས་སྟོང་པས་ཤིན་ཏུ་
སྟོང་པའོ།

ཤིན་ཏུ་མཐོང་ གཟུགས་ཁམས་གནས་རིས་བཅུ་བདུན་གྱི་བཅུ་དྲུག་པ་ནི། མཆིམས་མཛོད་ལས། ལྟ་བ་བཟང་
བའི་ཕྱིར་ཤིན་ཏུ་མཐོང་
བ་དང་། ཞེས་གསུངས།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*