702
ས་བརྐོ་བའི་ལྟུང་བྱེད། འབའ་ཞིག་པ་དགུ་བཅུའི་དོན་གསུམ་པ། ས་སོར་བཞི་ཡན་ཆད་རང་གིས་བསྐོ་བའམ་
བརྐོར་
བཅུག་པའོ།
ས་སྐྱེས་རྡོ་སྐྱེས། (1)ས་ཆ་དེ་རང་དུ་སྐྱེས་ཤིང་འཚར་ལོང་ས་བྱས་པའི་དོན། (2) དར་བ།
ས་སྐྱོང་། རརྦུ་པཱ་ལ» རྒྱལ་པོའི་མིང་། བཙ་ན་པོ། རྗེ། མངའ་བདག། བླ། མི་དབང་། ས་སྐྱོང་རྣམས་མིང་གི་
རྣམ་གྲངས་སུ་བཤད།

ས་སྐྱོང་མོ། བཙུན་མོ་སྤྱིའི་མིང་།
ས་གར། ལེགས་སྦྱར རྒྱ་མཚོ།
ས་བཅད། གོ་བདེ་བ་དང་མི་འཁྲུག་པའི་ཕྱིར་ས་བཀྲའི་ཚུལ་དུ་བཀོད་པའི་གཞུང་གི་བསྡུས་དོན། སྒྲ་བཤད་ནི།
འདི་ནས་འདིའི་བར་ཞེས་གཞུང་སྔ་ཕྱིའི་ས་མཚམས་ལེགས་པར་བཅ་ད་ནས་སྟོན་པར་བྱེད་པས་ན་ས་
བཅ་ད་ཅེས་བྱ།
ས་བཅ་ད་བསྡུས་དོན། རྒྱུད་ཐམས་ཅ་ད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྩ་རྒྱུད་ཀྱི་འགྲེལ་པ་སྒྲོན་མ་གསལ་
བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ
ས་འཆད་པའི་བསྡུས་དོན་ཞེས་བྱ་བ། རྗེ་ཙོང་ཁ་པ་ཆེན་པོས་
དགའ་ལྡ
ན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའོ།
ས་ཆུ་ལ་ཐིམ། འཆི་དུས་སུ་འབྱུང་བ་ཐིམ་རིམ་སྐབས་ས་ཆུ་ལ་ཐིམ་ཞེས་པ་ཡང་། ས་ཁམས་ཡེ་མེད་དུ་སོང་བ་
མིན་པར།
ས་ཁམས་ཀྱི་ནུས་པ་ཉམས་ནས། ཤེས་པའི་རྟེན་མི་བྱེད་པ་ལ་ས་ཆུ་ལ་ཐིམ་ཞེས་ཐ་སྙད་བྱས།
ཚུ་མེ་ལ་ཐིམ་པ་སོགས་ལའང་དེ་ད་ང་འདྲ། རྗེའི་གསུང་ཟིན་ལ་གཞི་བྱས།
ས་ཆེན་པོ། གླིང་བཞི།
ས་ཆེན་གོང་མ་ལྔ། ས་ཆེན་ཀུན་དགའ་སྙིང་པོ། རྗེ་བཙུན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཆན།
གོང་གི་བླ་མ་གསུམ་ནི་གོས་དཀར་ལྕང་ལོ་ཅན་ཡིན་པས། དཀར་པོ་རྣམ་གསུམ་ཞེས་ཟིར་རོ ས་སྐྱ་པཎྜི་ཏ་ཀུན་དགའ་
རྒྱལ་མཆན།
འཕགས་པ་བློ་གྲོས་རྒྱལ་མཆན་འགྲོ་མགོན་ཆོས་རྒྱལ་འཕགས་པ བཅ་ས་སོ། [ཁོང་རྣམ་གཉིས་
རབ་བྱུང་ངུར་སྨྲིག་འཛིན་པ་ཡིན་པས་དམར་པོ་རྣམ་གཉིས་སུ་གྲགས། ས་སྐྱ་གོང་མ་རྣམ་ལྔ་དང་དོན་གཅིག
ས་ཆོད་།
ས་ཕྱོད་དང་འདྲ།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*