708
སད་པ་སྤྲུལ་སྐུའི་བསྲེ་བ། བསྲེ་བ་སྐོར་དགུའི་དྲུག་པ་དང་གཉིད་དུས་ཀྱི་བསྲེ་བ་གསུམ་གྱི་གསུམ་པ་ནི། སད་པ་
སྤྲུ
ལ་སྐུ་དང་བསྲེ་བ་ནི། གོང་དུ་བཤད་པ་ལྟར་གྱི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དེ་ལས་ལྡང་བར་རྩོམ་པ་ནི།
རྣམ་སྨིན་གྱི་ལུས་འདི་སྤྲུལ་སྐུ་རྡོ་རྗེ་སེམས་ེམས་དཔའ་དང་། རྡོ་རྗེ་འཆང་གང་རུང་དང་། འཇིགས་བྱེད་ལྟར་ན་
སྤྲུལ་སྐུ་
འབྲས་བུ་རྡོ་རྗེ་འཛིན་པ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུར་བསྒོམ་ལ། དེའི་ཐུགས་ཀར་རྨི་ལམ་གྱི་
ལོང་ས་
སྐུ་དེ་ཡེ་ཤེས་སེམས་དཔའི་ཚུལ་གྱིས་བཞུགས་པར་བསྒོམ་པའམ། སྤྲུལ་སྐུ་ར་བསྒོམ་པ་ནི། སད་པ་
སྤྲུ
ལ་སྐུ་ད་ང་བསྲེ་བའོ།
སད་འབྱམ། གཉིད་ཡང་ཡང་སད་ནས་གཉིད་མི་འོང་བ་ལ་སད་འབྱམ་ཟེར།
སམུ་ཊ། ལེགས་སྦྱར (4)ཁ་སྦྱོར་རམ་གའུ། འཕགས་བོད་སྐད་གཉིས་ཤན་སྦྱར་ན་གསལ། (2)ཀྱེ་རྡོར་གྱི་རྒྱུད་
ད་དང་།
གཞན་ཡང་རྒྱུད་མང་པོའི་བཤད་རྒྱུད་ཐུན་མོང་བ་ཡིན་པར། ཀུན་མཁྱེན་བུ་སྟོན་གསུང་། བདེ་
དགྱེས་གཉིས་
ཀའི་ཐུན་མོང་བའི་བཤད་རྒྱུད་ཡིན་པར། ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་གསུང་།
སཾ་བུ་ཊ། [ལེགས་སྦྱར སམུ་ཊ་དང་འདྲ། སསྦ་ཊ་ལ་གཟིགས།
སཾ་བུ་ཊའི་འགྲེལ་པ་བཞི། ཡང་དག་པའི་ལྟ་བ་དྲན་པའི་སྣང་བ། ཨིདྲ་མྦྷུ་ཏིས་མཛད། རབ་ཏུ་གསལ་བ་ཁ་བྱོར་གྱི་
འགྲེལ་པ།
སློབ་དཔོན་ཀ་ཡ་ཐ་བགྲེས་པོས་མཛད མན་ངག་སྙེ་མ། སློབ་དཔོན་འཇིགས་མེད་འབྱུང་གནས་སུས་པས་
མཛད
རྒྱ་ཆེར་བཤད་པ་རིན་པོ་ཆེའི་ཕྲེང་བ། སློབ་དཔོན་དཔའ་བོ་རྡོ་ཇེས་མཛད་པ་དང་བཞིའོ། བུ་སྟོན་ཆོས་
འབྱུང་
ན་གསལ།
སརྒ། ལེགས་སྦྱར ལའུ། གོ་རིམ། རིམ་པ། སྤྱིར་སརྒ་ཞེས་པ་འབྱུང་ཁུངས། གཤིས་ཀ། བྱིས་པ་སོགས་དོན་
མང་པོ་འཇུག་པར་
ལེགས་སྦྱར་གྱི་ཚིག་མཛོད་རྣམས་སུ་གསལ་བ་ལ་གཟིགས།
སརྒ་མ་ལོག་པ། འཇུག་སྒོ་མ་ནོར་བ་ལ་ཟར། ཆོས་ཀྱི་སརྒ་མ་ལོག་པ་དང་འདྲ། ཆོས་ཀྱི་སརྒ་མ་ལོག་པ་ལ་གཟིགས།
སཱཧ། ལེགས་སྦྱར (4) གཞི་ཚུགས་ཤིག (2) སྡིག་པ་ཞི་བ། (8) དགེ་ཚོགས་འཕེལ་ ལེགས་པ་ཀུན་སྦྱིན།
ས་ཧ་ཀཱ་ར་། ལེགས་སྦྱར(4) ཤིང་ཏོག་ཨ་མྲ་ད་ང་དེའི་ཤིང་གི་མིང་། རྒྱ་གར་ཡུལ་སྐད་ལ་ཨཱམ་ཞེས་པའི་ཤིང་ཏོག་
དང་
དེའི་ཤིང་སྡོང་། (2)གྲོགས་བྱེད་པ་སོགས་ཀྱི་དོན་ཡིན་པར་བཤད།
སི་ཏཱ། ལེགས་སྦྱར(4)རོལ་རྙེད་མ་སྟེ་ར་མ་ཎ་འི་ཆུང་མའི་མིང་། (2) བྱེ་མ་ཀ་ར། (8) དཀར་མོ། (1)སྤོས་བྱེ་
བྲག་པ། (5)ཆུ་བོ་སི་ཏ་སོགས་ལ་འཇུག་པར་བཤད།
སི་པ་ཏྲི། ཆུ་སྲིན་སྡེར་མོ་སྟེ་བྲག་ལ་སྐྱེས་པ་དའོ།
(3)


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*