7 2
སེམས་ཀྱི་གླང་པོ། ཡིད་ཀྱི་གླང་པོ་དང་འདྲ།
སེམས་ཀྱི་རྗེས་འབྲང་། སེམས་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་ཆོས། བསམ་གཏན་དང་ཟག་མེད་ཀྱི་
སྡོམ་པ་ལྟ་བུ།
སོ་ཐར་གྱི་སྡོམ་པ་ནི་དེ་ལས་ལྡོག་སྟེ་སེམས་གཡེངས་པ་དང་སེམས་མེད་པའི་གནས་སྐབས་
སུ་ཡང་
འབྱུང་པའི་ཕྱིར། སེམས་ཀྱི་རྗེས་འབྲང་ཞེས་མི་བྱའོ།
སེམས་ཀྱི་རྟ། རང་གི་སེམས། ཚིག་དོན་ནི་འདུལ་བ་དང་། འགུགས་པ་དང་། ཁ་དྲ་ང་ས་དཀའ་བས་སེམས་རྟ་
དམུ་རྒོད་
ཀྱི་གཟུགས་སུ་བཀོད་པའོ། དཔེར་ན། སོ་སོར་ཐར་པའི་མདོ་ལས། རྟག་ཏུ་འབད་པས་བདའ་
བ་ཡི།
སེམས་རྟ་ཁ་བླན་དཀའ་བ་ལ། མཐུན་པའི་གཟེར་རྣོན་བརྒྱ་པ་ཡི། སྲབ་ནི་སོ་སོར་ཐར་འདི་
ཡི་ཡིན།
ཞེས་གསུངས་པ་ལྟར་།
སེམས་ཀྱི་དམ་པ། བྱང་ཚུབ་ཀྱི་སེམས།
སེམས་ཀྱི་རྡོ་རྗེ། སྔགས་ལུགས་ཀྱི་སྟོང་ཉིད་ཀྱི་མིང་གི་རྣམ་གྲངས་ཤིག། འདི་གཙོ་བོ་སྔགས་ྔགས་ལུགས་ཀྱི་ཐ་སྙད་ཅིག་
ཡིན་ཡང་། སྤྱིར་བཏང་མདོ་སྔགས་གཉིས་ཀའི་ཐ་སྙད་ཡིན་ཏེ། ཀླུ་སྒྲུབ་ཀྱི་བསྟོད་ཚོགས་ནང་། སེམས་ཀྱི་
རྡོ་རྗེ་ལ་བསྟོད་
པ་ཞེས་འབྱུང་བ་ལྟ་བུ་ཞེས་མཁས་པ་རྣམས་གསུང་། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཕྱག་
ཆེན་རྩ་བར་ཡང་། ཀུན་ཁྱབ་ཀུན་གྱི་རང་བཞིན་ཕྱག་རྒྱ་ཆེ། དབྱེར་མེད་བརྗོད་བྲལ་སེམས་ཀྱི་རྡོ་རྗེའི་
དབྱིངས།
ཞེས་གསུངས་པ་ལྟ་བུ།
སེམས་ཀྱི་རྣམ་པ། སེམས་རང་གི་ངོ་བོ། སེམས་ཀྱི་ངོ་བོ། སེམས་ཀྱི་རང་བཞིན། སེམས་ཀྱི་མཚན་ཉིད།
སེམས་ཀྱི་རྣམ་པ་རྣམས་དོན་འདྲ་བར་བཤད་དེ། མན་སྙེ་ལས། དངོས་པོ་རྣམས་ཀྱིས་སྟོང་པ་ཉིད་ཀྱི་ངོ་བོ
ནི་རང་བཞིན་དང་རྣམ་པ་ཞེས་པ་དོན་གཞན་མ་ཡིན་། རང་གི་ངོ་བོ་ཞེས་པའི་དོན་ནོ། ཞེས་པ་ལྟར་རོ།
ཞེས་སློབ་དཔོན་ཚུལ་ཁྲིམས་བསྐྱངས་དང་། བཀའ་བརྒྱུད་པའི་ཕྱག་ཆེན་ཟླ་བའི་འོད་ཟེར་ལས་ཀྱང་དེ་
བཞིན་དུ་གསུངས།

སེམས་ཀྱི་རྨ། (4) སེམས་ལ་ཟེར། བསྲུང་དགོས་པ་དང་བག་ཟོན་བྱེད་དགོས་པས་སེམས་རྨ་ཡི་གཟུགས་སུ་
བཀོད་པའོ།
དཔེར་ན། སྤྱོད་འཇུག་ལས། མ་དྲ་ངས་དྲོལ་བའི་ཁྲོད་གནས་ན། སྒྲིམས་ཏེ་རྨ་ཡི་བག་བྱེད་
བཞིན།
སྐྱེ་བོ་ང་ན་ཁྲོད་གནས་པས་ཀྱང་། སེམས་ཀྱི་རྨ་འདི་རྟག་ཏུ་བསྲུང་། ཞེས་གསུངས་པ་ལྟར་རོ།
(2) སེམས་ཀྱི་རྨ་ཞེས་པ། སེམས་ཀྱི་སྐྱོན་ཉོན་མོང་ས་ལའང་གོ།



tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*