71 3
སེམས་ཀྱི་ཡོ་བྱད། སེར་སྣ་ད་ང་བྲལ་བའི་སེམས། སྒྲ་བཤད་ནི། ད་པེར་ན། ཡོ་བྱད་ཀྱིས་ཕྱི་རོལ་གྱི་གནོད་འཚི་
ས་སྐྱོབ་པར་བྱེད་པ་དེ་བཞིན་དུ། འདིས་ཀྱང་མི་དགོ་བ་མང་པོ་ལས་སེམས་སྲུང་བར་བྱེད་པས་དེ་སྐད་
ཅེས་བཏགས་སོ།

སེམས་ཀྱི་རིན་ཆེན། བྱང་ཆུབ་ཀྱི་སེམས། དཔེར་ན། སྤྱོད་འཇུག་ལས། གཞན་དག་རང་གི་དོན་དུ་ཡང་། མི་
འབྱུང་སེམས་ཅན་དོན་སེམས་གང་།
སེམས་ཀྱི་རིན་ཆེན་ཁྱད་པར་འདི། སྔ་ན་མེད་པའི་རྨད་ཅིག་
འཁྲུངས། ཞེས་གསུང་ས་པ་ལྟར་། རིན་ཆེན་སེམས་དང་དོན་འདྲ།
སེམས་ཀྱི་གསང་། སེམས་ཀྱི་གསང་བ་དང་འདྲ་།
སེམས་ཀྱི་གསང་བ། སེམས་ཀྱི་གནས་ལུགས། སྤྱོད་འཇུག་ལས། གང་གིས་ཆོས་ཀྱི་གཙོབོ་མཆོག སེམས་ཀྱི་
གསང་འདི་མ་ཤེས་ན།
བདེ་ཐོབ་སྡུག་བསྔལ་གཞོམ་འདོད་ཀྱང་། དེ་དག་དོན་མེད་གྱི་ནར་འཁྱམ།
ཞེས་གསུང་ས་པ་ལྟར་རོ། སྒྲ་བཤད་ནི། སྣོད་མིན་ལ་མི་བསྟན་པས་ན་གསང་བའོ། ཞེས་རྒྱལ་ཆབ་ཆོས་
རྗེའི་གསུངས་པ་ལྟར་རམ། ཡང་ན། ལྐོག་ཏུ་གྱུར་པའི་དོན་གྱིས་ན་གསང་བའོ།
སེམས་བསྐྱེད་། ཀུན་རྫོབ་སེམས་བསྐྱེད། བྱང་ཆུབ་ཀྱི་སེམས། ཐེག་ཆེན་སེམས་བསྐྱེད་རྣམས་དོན་གཅིག། སྒྲ་
བཤད་ནི།
སྔར་རང་དོན་ཁོ་ན་བསམ་པ་དེ་ལས་བཟློག་སྟེ་སེམས་དམིགས་པ་རྒྱ་ཆེན་པོར་གྱུར་པས་ན་
བསྐྱེད་ཅེས་བྱ།
ཐེག་ཆེན་སེམས་བསྐྲེད་ལ་གཟིགས།
སེམས་བསྐྱེད་ལེན་པའི་ཆོ་ག སེམས་བསྐྱེད་ལེན་པའི་ཚོ་ག་ཤིན་ཏུ་མདོར་བསྡུས་ལ། སྦྱོར་བའི་ཆོ་ག་ལ། (4) སྐུབས་འགྲོ་
ཁྱད་པར་ཅན་བྱ་བ།
(2) ཚོགས་བསགཔ། (8) བསམ་པ་སྦྱང་པའོ། སྐྱབས་འགྲོ་ཁྱད་པར་ཅན་བྱ་བ་ལ། ༿ གནས་བརྒྱན་
ཅིང་
མཆོད་བས་བཤམས་པ། ༿ གསོལ་བ་གདབ་ཅིང་ཀྱིབས་སུ་འགྲོ་བ། ༿ སྐུབས་འགྲོའི་བསླབ་བྱ་བཛོད་པའོ། གཉིས་པ་
སེམས་
བསྐྲེད་ཀྱི་དོན་དུ་གསོལ་བ་གདབ་པ་ནི། བླ་མ་ལ་སྟོན་པའི་འདུ་ཤེས་ཀྱིས་ཕྱག་འཚལ་ཏེ་ཡོན་དང་མཎྜལ་ཕུལ་ལ་རུས་མོ་
གཡས་པའི་ལྷ་ང་ས་ལ་བཙུགས་ནས་ཐལ་མོ་སྦྱར་ཏེ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་
པར་རྫོགས་པའི་སང་ས་རྒྱས་རྣམས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་ས་ཆེན་པོ་ལ་བཞུགས་པ་རྣམས་
ཀྱིས་དང་པོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ།
བདག་མིང་
རང་གི་མིང་ནས་སྨོསའདི་ཞེས་བགྱི་བའང་སློབ་དཔོན་གྱིས་བླ་ན་མེད་པ་ཡ་ང་དག་པར་རྫོགས་པའི་བྱང་ཆུབ་
ཏུ་སེམས་བསྐྱེད་དུ་གསོལ།
ཞེས་ལན་གསུམ་བརྗོད་། སྐྱབས་འགྲོ་ཁྱད་པར་ཅ་ན་བྱ་བ་ནི། སློབ་དཔོན་
དགོངས་སུ་གསོལ།
བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་ནས་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་
མཆིས་ཀྱི་བར་དུ་རྐང་གཉིས་རྣམས་ཀྱི་
མཆོག་སངས་རྒྱས་བཅོམ་ལྡན་རྣམས་ལ་སྐྱབས་སུ་མཆིའོ། ཆོས་


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*