728
ཤེས་གཉིས་འབྲེལ་ཐག་ཆད་པ་ན་ཤི་བའི་རྟེན་འབྲེལ་གྲུབ་པ་ཡིན། དེ་དག་འཁོར་ལོའི་རྣམ་པར་ སྲིན་པོ་
ཁྲོས་པའི་
འཆི་བདག་དམར་པོའི་ཁ་དང་། རྐང་ལག་ཞེ་དམ་དུ་བཟུང་བར་བྲིས་པ་ནི། ལས་དང་ཉོན་
མོང་ས་པའི་དབང་
པིས་སྲིད་པ་འདིར་སྐྱེ་བ་ལེན་པ་མཐའ་དག་མཐར་འཆི་བདག་གི་དབང་དུ་མ་གྱུར་པ་
མེད་པ་དང་།
དེ་ཡང་ལན་རེ་གཉིས་ཙ་མ་མ་ཡིན་པར་ཇི་སྲིད་འཁོར་བའི་རྩ་བ་མ་སྤང་ས་པ་དེ་སྲིད་སྐྱེ་རྒ་
ན་འཆིའི་སྡུག་བསྔལ་
འཁོར་མོར་མང་སྟེ་སྲིད་རྩེ་ནས་མནར་མེད་བར་རྟག་ཏུ་འཁོར་བར་མཚོན་པ་ཡིན།
སྟེང་དུ་ཟླ་བའི་གཟུགས་བརྙན་བྲིས་པ་ནི། སྔག་བསྔལ་མཐའ་དག་ཞི་བའི་ཞི་བ་མྱང་འདསམ། བདུད་བཞི་
བཅོམ་པའི་ས
ང་ས་རྒྱས་ཀྱི་གོ་འཕང་མཚོན་པ་ཡིན། དེ་ལ་ས--ས་རྒྱས་བཅོམ་ལྡན་འདས་ཀྱིས་ཕྱག་
བརྐྱང་ས་ཏེ་
བསྟན་པ་ནི། ཞི་བ་མང་འདས་འདི་ལྟ་བུ་ཞིག་མ་ཐོབ་ན»་འཁོར་བ་རྒྱ་མཚོའི་སྡུག་བསྔལ་གྱི་
འཇིང་དུ་རྟག་ཏུ་འཁོར་བ་ལས་ཐར་དུས་མེད་པས་འགྲོ་བ་རྣམས་ཀྱིས་ཞི་བ་མང་འདས་ཀྱི་གོ་འཕང་ཐོབ་
པའི་ཐབས་
ལ་བརྩོན་དགོས་ཞེས་བད་ཐབས་ཀྱིས་འདོམས་པར་མཛ་ད་པ་མཚོན། ཡང་བདེན་བཞིའི་བླང་
དོར་མ
ཚོན་པའི་དབང་དུ་བྱས་ན། འགྲོ་བ་རིགས་དྲུག་གི་སྣོད་བཅུད་ཀྱིས་བཀོད་པས་སྡུག་བསྔལ་བདེན་པ་
མཚོན།
དབུས་ཀྱི་བྱ་ཕག་སྲུལ་གསུམ་གྱིས་ཉོན་མོངས་པའི་ཀུན་འབྱུང་ད་ང་། དེའི་མཐར་ལམ་དཀར་ནག་
གཉིས་ཀྱིས་ལས་ཀྱིས་ཀུན་འབྱུང་མཚོན། རྟེན་འབྲེལ་བཅུ་གཉིས་ཀྱི་རི་མོས་འཁོར་བ་ཇི་ལྟར་འཁོར་བའི་
ཚུལ་དང་།
ཐུབ་པའི་གཟུགས་བརྙན་གྱིས་ལམ་བདེན། ཟླ་བ་ཤར་བ་དེས་ཞི་བ་འགོག་བདེན་མཚོན་ཞིང་དེ་
ལ་
བཅོམ་ལྡན་འདས་ཀྱིས་ཕྱག་བརྐྱང་ས་པ་ནི། ལམ་བདེན་ལ་བརྟེན་ནས་ཞི་བ་མང་འདས་ཇི་ལྟར་ཐོབ་
པའི་ཐབས་མ
ཚོན་པ་ཡིན། དེས་ན་གཏན་གྱི་བདེ་བ་དོན་དུ་གཉེར་བའི་འགྲོ་བ་བློ་གྲོས་དང་ལྡན་པ་རྣམས་
ཀྱིས་
རྟེན་འབྲེལ་ལུགས་འབྱུང་ལྡོག་གི་རྣམ་གཞག་ཞིབ་ཕྲ་ཁོང་དུ་ཆུབ་པར་བྱས་ཏེ། བདེན་བཞིའི་བླང་དོར་
ཕྱིན་ཅི་མ་ལོག་པའི་
ལམ་ཉམས་སུ་བླངས་ནས་གཏན་གྱི་བདེ་བ་མཐར་ཐུག་མཆོག་གསུམ་རྒྱལ་བའི་གོ་
འཕང་ཐོབ་པའི་ཐབས་
ལ་ཅི་ནས་འབད་པ་ག་ལ་ཆའོ་ཞེས་བླ་མ་རྣམས་གསུང་ང་ངོ་།
སྲིད་པའི་རྟེན་འབྲེལ། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་བཅུ་པ་ནི། སྔར་གྱི་འདུ་བྱེད་ཀྱིས་རྣམ་ཤེས་ལ་ལས་
ཀྱི་བག་ཆགས་
བབོས་པ་སེད་ལེན་གཉིས་ཀྱིས་གསོས་བཏ་བ་པས་ཡང་སྲིད་ཕྱི་མ་འདྲེན་པ་ལ་ནུས་པ་མཐུ་
ཅ་ན་དུ་གྱུར་པ་སྟེ།
དེ་ལས་ཡིན་ཀྱང་དེ་ལ་སྲིད་པའི་མིང་གིས་བཏགས་པ་ནི། རྒྱུ་ལ་འབྲས་བུའི་མིང་གིས་
བཏགས་པའོ།
དཔེར་ན། ཀུ་ཤུའི་སྡོང་པོ་བཞིན་ནོ། སྒྲ་དོན་ཡང་དེས་ཤེས་སོ།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*