73
གཞོན་ནུ་མའི་ནུ་མ་འདྲ་བ་ད་ང་། སྙིང་ག་བའི་མིག་འདྲ་བ་དང་། ལྟེ་བ་པད་མ་འདྲ་བ་དང་། གསང་
གནས་ན་
རྡོ་རྗེ་དང་འདྲ་བ་ད་ང་། ནོར་བུའི་རྩེ་ན་ཟར་མའི་མེ་ཏོག་དང་དབྱིབས་འདྲ་བའོ།
སྲོག་རྩ། སྲོག་པ་རྩ་དང་འདྲ།
སྲོག་རྩོལ།(4) ངབྲཎཱ་ཡ་མ» གསང་འདུས ཆེ་སྲོག་གནས་པ་ད་ང་རིང་བར་བྱེད་པའི་ནང་གི་རླུང་། སྒྲ་བཤད་ནི།
སྲོག་ནི་ཆེ་དང་རྩོལ་བ་ནི་རིང་བར་བྱེད་པ་སྟེ་ཆེ་སྲིང་བར་བྱེད་པའི་རླུང་ཞེས་བྱ་བའི་དོན་ནོ། དེ་ཡང་
རྩོལ་བའི་
སྐད་དོད། ཨ་ཡ་མ་ཞེས་པ་འབད་པ། འགོག་པ། མཆུ་རིང་བ་རྣམས་ལ་འཇུག་པ་ལས་འདིར་
རིང་
བ་ལ་འཇུག་པའི་དབང་དུ་བྱས་སོ། བོད་སྐད་ཀྱི་རྩོལ་བ་ནི་འགོག་པ་དང་སྲིང་བར་བྱེད་པ་གཉིས་ཀ་ལ་མི་འཇུག་
ཀྱིང་།
དེའི་སྐད་དོད་ཀྱི་སྟེང་ནས་དེ་གཉིས་སུ་བྱར་ཡོད་ལ། ཞེས་རྗེའི་རིམ་ལྔ་གསལ་སྒྲོན་ན་གསལ། (2) དུས་འཁོར སྲོག་
ནི་རླུང་དང་།
རྩོལ་བ་ནི་འགོག་པའོ། དེའི་དོན་ནི་སྲོག་རོ་རྐྱང་གི་རླུང་གཉིས་དང་། རྩོལ་བ་དེ་གཉིས་རོ་
རྐྱང་དུ་
རྒྱུ་བ་བཀག་ནས་ཅྭུ་ཏཱིར་འཇུད་པ་ལ་ཟེར། རྗེ་ཙོང་ཁ་པ་ཆེན་པོའི་རིམ་ལྔ་གསལ་སྒྲོན་ལ་གཞི་བྱས་
ཏེ་བཀོད།
(8) རྒྱུད་སྡེ་འོག་མ་གསུམ་ནས་བཤད་པའི་སྲོག་རྩོལ་ནི། མིག་སྣ་སོགས་ལུས་ཀྱི་བུ་ག་རྣམས་ནས་རྒྱུ་
འི་རླུང་ནི་སྲོག་དང་། རྟོག་པ་ཡུལ་གཞན་ལ་གཡེང་ས་ཤིང་འཕྲོ་བ་ནི་རྩོལ་བའོ། ཡང་ན། སྲོག་སྔར་
ད་ང་འདྲ་ཞིང་རྩོལ་བ་ནི་འབྱུང་འཇུག་བྱེད་པ་བཀག་ནས་རྒྱུ་བ་རྒྱུན་བཅད་པའོ། རྗེའི་སྔགས་རིམ་ཆེན་མོ་
ལྟར་བཀོད། (4) བྱོར་བ་ཡན་ལག་དྲུག་གི་ནང་མཆན་གྱི་སྲོག་རྩོལ་གྱི་རྣལ་འབྱོར་གྱི་ཡན་ལག་ལ་སྲོག་རྩོལ་
ཞེས་པ
འི་ཐ་སྙད་བཏགས་ལ། དེ་ནི་སྲོག་རྩོལ་གྱི་རྣལ་འབྱོར་གྱི་ཡན་ལག་ལ་སྲོལ་རྩོལ་ཞེས་མིང་བསྡུས་
པའོ།
རྗེའི་རིམ་ལྔ་གསལ་སྒྲོན་ལ་གཞི་བྱས།
སྲོག་རྩོལ་སྡོམ་པ། བླ་མེད་ཀྱི་རྒྱུད སྲོག་ནི་རླུང་ཡིན་ལ། དི་རོ་རྐྱང་ལ་རྒྱུ་བ་བཀག་ནས་དྷཱུ་དཱིར་འཛུད་པ་ལ་སྲོག་
རྩོལ་ལམ་སྲོག་རྩོལ་སྡོམ་པ་ཞེས་བྱའོ། རྒྱུད་སྡེ་འོག་མ་གསུམ སྲོག་རྩོལ་བསྡོམ་པའམ་འགོག་པའི་དོན་ནི་
དབང་པོའི་སྒོ་ནས་
རྒྱུ་བའི་རླུང་ནི་སྲོག་དང་། རྟོག་པ་ཡུལ་གཞན་ལ་གཡེངས་ཤིང་འཕྲོ་བ་ནི་རྩོལ་བ། རླུང་
དང་རྟོག་པ་
གཉིས་ཀ་ཕྱིར་འཕྲོར་མི་འཇུག་པར་ནང་དུ་འཛིན་པ་ནི་བསྲོམ་པའམ་འགོག་པ་ཡིན། དེ་ཡང་
གསལ་
སྣང་དང་ང་རྒྱལ་བསྐྱེད་ནས་རྩེ་གཅིག་ཏུ་བསྒོམ་པ་ནི་ལྷའི་བསྙེན་པའི་གཙོ་བོ་ཡིན་པས་གལ་ཤིན་ཏུ་
ཆེ་བར་
གསུང་ངོ་།
སྲོག་རྩོལ་གྱི་རླུང་། (4) སྲོག་འཛིན་གྱི་རླུང་ཕྲ་བ་ནི། རྩ་བའི་རླུང་ལྔ་ཡི་ཡ་གྱལ་ཏེ། ལུས་ཀྱི་སྙིང་གའི་རྩ་མདུད་ཀྱི་
དྷཱུ་ཏཱིའི་ནང་ན་གནས་ཏེ་རྣམ་ཤེས་ཀྱི་བཞོན་པ་བྱེད་ཅིང་། སྲོག་རིང་དུ་འཚོ་བར་བྱེད་པ། འཆི་དུས་མ་


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*