737
ཡོད་དོ། ཞེས་གསུངས། སྒྲ་བཤད་ནི། སྣོད་མིན་ལ་མི་སྟོན་པས་སམ་ཡང་ན་རྐོག་ཏུ་གྱུར་པའི་དོན་ཡིན་
པས་གསང་བ་ཞེས་བྱའོ།
གསང་བ་གྲུབ་པ། སློབ་དཔོན་པདྨཱ་བཛྲས་མཛད་། ནག་ཚོའི་འགྱུར། བུ་སྟོན་གྱིས་ལམ་གྱི་རིམ་པ་སྣ་ཚོགས་སྟོན་
པའི་གཞུང་གི་
གྲས་སུ་འཇོག། འདི་གསང་བ འདུས་པ་བརྟེན་པར་གཞུང་འདི་ཉིད་ན་གསལ་ཞེས་དང་།
གསང་བ་གྲུབ་པ་མཛད་པ་པོ་པདྨ་རྡོ་རྗེ་ཞེས་བྱ་བ་ཡང་ཞིང་པ་པད་རྡོ་རྗེ་བྱ་བ་ཉིད་ཡིན་པ་འདྲའོ། ཞེས་
དེབ་སྔོན་
གསུང་།
གསང་བ་འདུས་པ། (4) བླ་མེད་ཀྱི་ཡི་དམ་ཞིག་སྟེ། ཞེ་སྡང་རྡོ་ནྡེ་ཡང་ཟེར། ད་བེ་ལྡན་པའི་ཡི་དམ་གྲགས་ཆེ་
གསུམ་གྱི་ཡ་གྱལ་ལ་ལོ། (8) རྒྱལ་བ་རྡོ་རྗེ་འཆང་། སྒྲ་བཤད་ནི། རྡོ་རྗེ་འཆང་ནི་སངས་རྒྱས་ཐམས་ཅད་ཀྱི་
གསང་གསུམ་
དབྱེར་མི་ཕྱེད་པའམ་འདུས་པའི་ངོ་བོ་ཡིན་པས་དེ་སྐད་ཅེས་བྱའོ། རྗེའི་རྣམ་གཞག་རིམ་
པའི་རྣམ་བཤད་
ལ་གཞི་བྱས་ཏེ་བཀོད།
གསང་བ་འདུས་པའི་སྐུའི་མཚོན་དོན། ཞལ་ལ་ནག དཀར་དམར་བའི་ཁ་དོག་སྣ་ཚོགས་ཡོད་པ་དེས་སྲོག་
འཛིན་
གྱི་རླུང་ལ་ཁ་དོག་སྣ་ཚོགས་ཡོད་པ་དེ་མཚོན། སྒུ་ལུས་རྩལ་དུ་འདོན་པས་ཙ་ཞལ་ནག་པོར་བྱས།
གཡས་ཞལ་གྱིས་སྒུ་ལུས་དང་རོ་མ་དཀར་མོ་སྟེ་ར་ས་ནཱ། གཡོན་ཞལ་གྱིས་འོད་གསལ་དང་རྐྱང་མ་དམར་
མོ་
སྟེ་ལ་ལ་ན། རྩ་ཞལ་གྱིས་ཟུང་འཇུག་དང་རྩ་དབུ་མ་མ་མཚོན། ཡང་དཀར་པོས་སྣང་བ། དམར་པོས་
ཆེད་པ། ནག་པོས་ཉེར་ཐོབ། གསུམ་ཀས་ཟུག་འཇུག་མ་ཚོན། ཕྱག་དྲུག་གིས་གཡས་པ་གསུམ་གྱིས་
ལུགས་འབྱུང་
གིས་སྟོང་པ་གསུམ་དང་། གཡོན་པ་གསུམ་གྱིས་ལུགས་ལྡོག་གི་སྣང་བ་གསུམ་བཞོན་པའི་
རླུང་དང་བཅས་པ་མཚོན།
ཕྱག་གཡས་ཀྱི་ད་ང་པོས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་པ་མི་བསྐྱོད་པ་དང་།
གཉིས་པས་འཁོར་ལོ་རྩིབས་བརྒྱད་པའམ་བཅུ་གཉིས་པ་རྣམ་སྣང་། གསུམ་པས་པདྨ་ད་མར་པོ་འོད་དཔག་
མད།
གཡོན་གྱི་ཕྱག་དང་པོས་ཐུགས་ཀར་དྲིལ་བུ་འཛིན་པ་རྡོ་རྗེ་འཆང་། གཉིས་པས་རིན་པོ་ཆེ་རིན་
འབྱུང་། གསུམ་པས་རལ་གྲི་དོན་གྲུབ་ཀྱི་ཕྱག་མཆན་དང་། དེ་བཞིན་དུ་རྣམ་སྣང་ལ་གཡས་འཁོར་ལོ་རྡོ་རྗེ་
པདྨ་
སོགས་རང་རང་གི་རིགས་ཀྱི་ཕྱག་མཚན་དང་པོ་མཛད་པ་མ་གཏོགས་ལྷ་རེ་རེས་ཀྱང་རིགས་དྲུག་གི་
ཕྱག་མཚན་
བསྣམས་པ་ནི། རྣམ་པ་རིགས་སོ་སོའི་ལྷར་སྣང་ཡང་དོན་ལ་ཐམས་ཅད་ཀྱང་རིགས་ཀུན་གྱི་
ཁྱབ་བདག་དང་།
རིགས་དྲུག་ཀ་བསྡུས་པའི་བདག་ཉིད་ཡིན་པ་མཚོན།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*