743
གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ། གསུང་གི་འཕྲིན་ལས་རྒྱ་ཆེ་བ་ད་ང་ལྷུན་གྱིས་གྲུབ་པ་ད་ང་རྒྱུད་མི་འཆད་པའི་
དོན།
སྒྲ་བཤད་ནི། གསུང་གི་འཕྲིན་ལས་རྒྱ་ཆེ་བས་ན་མི་ཟད་པ། རང་གཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ་
པས་ན་རྒྱན། འཕྲིན་ལས་རྒྱུན་མི་འཆད་པས་ན་འཁོར་ལོའོ། དངུལ་ཆུ་ཅྭཱརྨ་བྷ་དྲའི་གསུང་ལ་གཞི་བྱས་
ཏེ་བཀོད།
གསུམ་ལྡན། ཡིད་ཆེས་གསུམ་ལྡན་ལ་གཟིགས།
གསེག་ཤང་། བསོད་སྙོམས་བསླང་བའི་བརྡ་གོ་བྱེད། གསིལ་བྱེད། འཁར་གསིལ་རྣམས་དོན་གཅིག
ག་གསེར།
(4) རིན་ཆེན་དང་པོ་ཟེར། (2) ཞེ་སའི་ཚིག་སྟེ། དཔེར་ན། སྐུ་གདུང་ལ་གསེར་གདུང་། ཞལ་རས་ལ་
གསེར་ཞལ། ཆང་དང་བཏུང་བ་ལ་གསེར་སྐྱེམས། བཀའ་ཡིག་ལ་གསེར་ཨིག རྣ་བ་ལ་གསེར་སྙན་ཞེས་
པ་ལྟ་བུ།
གསེར་སྐྱེམས། ཞལ་སྐྱེམས་པའམ་སྐོམ་པའི་དུས་སུ་འཐུང་རྒྱུའི་བཏུང་བའི་རིགས་ལ་སྐྱེམས་ཞེས་ཟེར། གསེར་
ཞེས་པ་
ནི་གསེར་ལྷར་རིན་ཐང་ཆེ་བའམ་ཙ་བ་ཆེ་བ་སྟེ་ཞེ་སའི་ཚིག་གོ། དཔེར་ན། རྣ་མཆོག་ལ་གསེར་
སྙན་
ཞེས་པ་དང་། གདོང་ལ་གསེར་ཞལ་ཞེས་པ་ལྟ་བུའོ། ཀློང་རྡོལ་བླ་མས་ཀྱང་དེ་དང་འདྲ་བར་བཤད་ད་དེ།
རྒྱལ་པོ་ཞལ་སྐོམ་པའི་སྐབས་སུ་བཏུང་བ་ཆང་ལྟ་བུ་བཞེས་རྒྱུ་ལ་གསེར་སྐྱེམས་ཟེར་ཞིང་ཞེ་ས་བྱས་པ་ཡིན།
ད་རྟ་ཆང་གི་ནང་དུ་འབྲུ་དང་གསེར་བླུག་སྟེ་ཕུལ་བ་གསེར་སྐྱེམས་སུ་བྱས་པ་བད་དོན་མ་གོ་བའི་བབ་ཅོལ་
ཡིན་ནོ་ཞེས་གསུངས།
གསེར་གྱི་མངལ། ལྷ་ཆང་ས་པའི་མིང་སྟེ། གསེར་གྱི་མདོག་ཅ་ན་གྱི་པདྨཱ་ལས་སྐྱེས་པས་དེ་སྐད་ཅེས་བཆོད། ཡང་
བཤད་ཚུལ་
ཅུང་ཟད་མི་འདྲ་བར། གསེར་གྱི་རང་བཞིན་གྱི་སྒོ་ང་ནི་གསེར་ཡིན་ལ་དེའི་སྙིང་པོ་ནི་མངལ་
ཏེ་དེ་ལས་བྱུང་བས་སོ། དངུལ་ཆུ་ཅྭཱན་བྷ་དྲའི་གསུང་ན་གསལ།
གསེར་གྱི་ཕྲེང་བ། (4) གསེར་གྱི་རྡོག་པོ་མང་པོ་སྐུད་པ་སོགས་ལ་བརྒྱུས་པའི་རྒྱན། (2) གསེར་ལས་བྱས་པའི་
མགོ་བོའི་རྒྱན་ཞིག།
སློབ་དཔོན་ཚུལ་ཁྲིམས་བསྐྱངས་གསུང་།
གསེར་འགྱེར་གྱི་རྩི། ལྕགས་ཟངས་སོགས་གསེར་དུ་འགྱུར་བར་བྱེད་པའི་རྩི་སྟེ། དངལ་ཆུ་ཡ་ང་ཟེར། འདིའི་སྐོར་
ཞིབ་ཕྲ་རྗེའི་སྔགས་རིམ་ཆེན་མོར་གསལ།
གསེར་གླིང་། སུ་ཝཎ་དཱི་པ་སྟེ་རྒྱ་གར་ལྷོ་ཕྱོགས་མི་མེད་པའི་གསེར་གླིང་ཞིག་སྟེ་གསེར་གླིང་རྒྱལ་པོའི་གླིང་ཆུང་ཞིག་
ལ་བཞེད།
རྗ


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*