75 5
ཧ་སི་དེ་བ། ལེགས་སྦྱར དབང་ལག
ཧ་ཤང་གི་ལྟ་བ། རྣམ་པར་རྟོག་པ་ཞིག་ཡིན་ཕྱིན་ཆད་ངན་རྟོག་ཡིན་ན་རྟ་ཅི་སྨོར།་ཏེ་བཟང་རྟོག་ཡིན་ནའང་འཁོར་
བར་འཆིང་བས་དེའི་འབྲས་བུ་འཁོར་བ་ལས་མི་འད་འ་སྟེ།
གསེར་སྒྲོག་ད་ང་ཐག་སྒྲོག་པིས་བཅིང་ས་པ་
དང་།
སྤྲིན་དཀར་ནག་གཉིས་ཀས་ནམ་མཁའ་བསྒྲིབས་པ་དང་། ཁྱི་དཀར་ནག་གང་གིས་ཕུག་ཀྱང་སྡུག་
བསྔལ་བསྐྱེད་པ་དང་
འདྲའོ། དེས་ན་ཅིར་ཡང་མི་རྟོག་པར་བཞག་པ་ཉིད་འཆང་རྒྱ་བའི་ལམ་ཡིན་ལ།
སྦྱིན་པ་དང་ཚུལ་ཁྲིམས་བསྲུང་བ་སོགས་ནི་དེ་ལྟ་བུའི་ངེས་དོན་བསྒོམ་པར་མི་ནུས་པའི་སྐྱེ་བོ་བླུན་པོའི་དོན་
དུ་གསུངས་པ་ཡིན་པས།
ངེས་དོན་དེ་རྙེད་ནས་སྤྱོད་པ་དེ་དག་ལ་འཇུག་པ་ནི་རྒྱལ་པོ་དམང་ས་ཀྱི་སར་བབ་
པའམ།
གླང་པོ་རྙེད་ནས་གླང་པོའི་རྗེས་ཚོལ་བ་དང་འདྲ་བར་སྨྲའོ། དེ་ལ་ཧ་ཤང་གིས་ནི་ཅིར་ཡང་མི་
རྟོག་པ་ལ་བསྔགས་པ་མཛད་པའི་མདོའི་ཁུངས་བརྒྱད་ཅུ་དྲངས་ནས་བསྒྲུབས་སོ།
འདིས་ནི་ཐབས་ཀྱི་ཆ་
ཐམས་ཅད་སངས་རྒྱས་ཀྱི་ལམ་རྣལ་མ་མིན་ནོ་ཞེས་ཀུན་རྫོབ་ལ་སྐུར་
བ་ཆེན་པོ་བཏབ་ཅིང་། རྒྱལ་བའི་
བསྟན་པའི་སྙིང་པོ་བདག་མེད་པའི་དེ་ཁོ་ན་ཉིད་ལ་སོསོར་རྟོག་པའི་ཤེས་རབ་ཀྱིས་ད་པྱོད་པ་བཀག་པས་
དོན་དམ་པའི་ཚུལ་རྒྱང་རིང་དུ་སྤངས་ཏེ།
ཇི་ལྟར་ཁྱད་ཞུགས་ཀྱང་ཞི་གནས་ཀྱི་ཕྱོགས་ཙ་མ་དུ་བསྡུར་རུང་
བའི་སེམས་ཙོམ་འཇོག་ཅིག་ལ་ལམ་གྱི་དམ་པར་བཟུང་བའི་ལོག་ལྟ་རྣམས་ཀྱི་ཐ་ཆད་འདི་ནི།
བྱང་ཆུབ་
སེམས་དཔའ་ཆེན་པོ་ཀཱ་
ལ་ཤི་ལས་ལུང་དང་རིགས་པ་དྲི་མ་མེད་པའི་ཚོགས་ཀྱིས་ལེགས་པར་བཀག་ནས་
རྒྱལ་བ་དགྱེས་པའི་ལམ་བཟང་པོ་རྒྱས་པར་མཛད་མོད།
འོན་ཀྱང་བསྟན་པ་ནུབ་པ་ལ་ཉེ་བར་སླེབ་པ་ད་ང་
ལམ་གྱི་གནད་ཡོངས་སུ་རྫོགས་པ་ངེས་པའི་དོན་གྱི་ལུང་དང་དྲི་མ་མེད་པའི་རིགས་པས་མཐའ་ཆོད་པར་
ངེས་པའི་དམ་པ་རྣམས་ཟད་པ་དང་།
སེམས་ཅ་ན་བསོད་ནམས་ཤིན་ཏུ་དམན་ཞིང་ཆོས་ལ་དད་པ་ཅུང་
ཟད་ཡོད་ཀྱང་ཤེས་རབ་ཀྱི་སྟོབས་ཤིན་ཏུ་ཆུང་བ་མངས་པས།
ད་དུང་ཡང་ཁ་ཅིག་ནི་བསྲུང་སྡོམ་ལ་སོགས་
པའི་སྤྱོད་ཕྱོགས་རྣམས་ཁྱད་དུ་བསད་ནས་ལམ་བསྒོམ་པའི་
ཆེ་དེ་དག་འདོར་བ་ལ་སོགས་པ་ཧ་ཤང་ཇི་ལྟ་
བ་བཞིན་བྱེད་ཅིང་།
ལ་ལ་ནི་ཐབས་ཀྱི་ཆ་ལ་སྐུར་བ་དེ་མ་གཏོགས་པ་ལྟ་བའི་གོ་ལུགས་ཧ་ཤང་གི་དེ་
ལེགས་པར་འདོད་ལ། གཞན་དག་ནི་སོ་སོར་རྟོག་པའི་ཤེས་རབ་དོར་ནས་ཅི་ཡང་མི་སེམས་པའི་ཧ་ཤང་
གི་སྒོམ་
དེ་ལེགས་པར་འདོད་པ་སྣང་ངོ་། དེ་དག་གི་ལམ་དེ་ནི་སྟོང་ཉིད་བསྒོམ་པའི་ཕྱོགས་དང་ཡུལ་ནའང་
མི་སྣང་མོད།
གལ་ཏེ་སྟོང་ཉིད་བསྒོམ་པ་ཡིན་དུ་ཆུག་ཀྱང་། སྟོང་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པ་རྙེད་ནས་
བསྒོམ་ལུགས་མ་ནོར་བར་བསྒོམ་པའི་རྟོགས་པ་ཡོད་པ་རྣམས་ཀྱིས་སྟོང་
ཉིད་ཁོ་ན་བསྒོམ་པར་བྱ་བ་ཡིན་ལ།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*