759
ལྷ་བསྐྱེད་ཚུལ་མི་འདྲ་བ་བཞི། སྐད་ཅིག་དཀྲོང་བསྐྱད། ཆོ་ག་གསུམ་བསྐྱད། མངོན་བྱང་ལྔ་བསྐྱེད། ཞུ་བ་གླུ་
བསྐུལ་བྱེད་ཚུལ་དང་གསུམ། དེ་ཡང་ཀློང་རྡོལ་བླ་མས། ལྷ་ནི་བསྐྱེད་ལུགས་རྣམ་བཞི་པོ། མཁའ་ལ་སྤྲིན་
ཕུང་
རྡོལ་བ་བཞིན། སྐད་ཅིག་དཀྲོང་བསྐྱེད་བྱེད་ཚུལ་ཡིན། ས་བོན་ཕྱག་མཚན་སྐུ་རྫོགས་པ། ཆོ་ག་
གསུམ་བསྐྱེད་བྱེད་
ཚུལ་ཡིན། སྟོང་ཉིད་ སྟོང་ཉིད་དམ་དེ་བཞིན་ཉིད་ལས་བྱང་ཆུབ་པ་ནི། འཚི་བ་ཅོས་སྐུའི་ལམ་ཁྱེར
ཉི་ཟླ་གང་རུང་གཉིས། ཕྱག་མཆན་ས་བོན་སྐུ་རྫོགས་གསུམ། ཡེ་ཤེས་ལྔ་རུ་སྦྱར་ནས་
བསྐྱེད་།
མངོན་བྱང་ལྔ་བསྐྱེད་བྱེད་ཚུལ་ཡིན། གཙོ་བོ་ཆོས་ཀྱི་དབྱིངས་སུ་བཞུད་། ཆད་མེད་ལྷ་མོ་བཞི་
ཡིས་
བསྐུལ། སླར་ཡང་ཆོས་ཀྱི་དབྱིངས་ལས་ལྡང་། ཞུ་བ་གླུ་བསྐུལ་བྱེད་ཚུལ་ཡིན། དེ་བཞི་མ་གཏོགས་
བསྐྱེད་
ཚུལ་མེད། ཅེས་ཀློང་རྡོལ་བླ་མ་གསུང་།
ལྷ་ཁང་། ལྷ་ནི་རྣམ་པར་དག་པའི་ལྷ་སྟེ་སང་ས་རྒྱས་ཡིན་ལ། དེའི་བཞུགས་གནས་ཏེ། སང་ས་རྒྱས་ཀྱི་བཞུགས་
གནས་
ཞེས་བྱ་བའི་དོན་ནོ།
ལྷ་ཆོས། སྟོན་པ་སངས་རྒྱས་ཀྱི་ཆོས། སྒྲ་བཤད་ནི། ལྷ་ནི་སང་ས་རྒྱས་ཀྱི་མཆན་གྱི་རྣམ་གྲངས་ཡིན་ལ། དེས་
གསུངས་པའི་ཆོས།
ད་པེར་ན། ལྷ་ཆོས་དགོ་བ་བཅུ་ཟེར་བ་ལྟ་བུ།
ལྷ་ཆོས་དགེ་བ་བཅུ། དགོ་བ་བཅུའི་ལས། སྒྲ་བཤད་ལྷ་ཆོས་ལ་གཟིགཟིགས།
ལྷ་རྗེ། སྨན་པའི་མིང་། སྒྲ་བཤད་ནི། ལྷ་ཞེས་པ་ནི་རྒྱལ་པོ་ལའང་འཇུག་པས། དེས་ཀྱང་གོང་དུ་བཀུར་བས་ལྷ་རྗེ་
ཞེས་
གྲགས་སོ། འདིའི་སྐོར་རྒྱས་པ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་མཛོད་འགྲེལ་དེབ་གཟུགས་སྟོད་
ཆ་ཤོག་གྲང་ས་
ལ་གཟིགས།
ལྷ་དང་ལྷ་མིན་ཅོད་པན་གྱིས་ཞེས་སོགས། ལྷ་དང་ལྷ་མིན་ཅོད་པན་གྱིས། ཞབས་ཀྱི་པདྨཱོ་ལ་བཏུད་ནས།
ཕོང་ས་པ་ཀུན་ལས་སྒྲོལ་མཛད་མ། སྒྲོལ་མའི་ཡུམ་ལ་ཕྱག་འཚལ་ལོ། ཞེས་པའི་ཚིགས་བཅ་ད་འདི་ཉི་མ་
སྦས་པ་
གསུངས་པར་བཤད།
ལྷ་ལྡན། ལྷ་ས། སྒྲ་བཤད་ནི། ལྷ་ས་ལ་ལྷ་ལྡན་ཟེར་བ་ནི། ཇོ་ཤག་རྣམ་པ་གསུམ་ལ་སོགས་པའི་ལྷ་སྐུའི་རྟེན་ཙ་
ཆེན་
རྣམས་གང་དུ་བཞུགས་པའི་ཡུལ་ལམ་གནས་ཡིན་པས་ལྷ་ལྡན་ཞེས་བྱ་བའམ། ཡང་ན། ལྔ་ལྡན་ཟུར་
ཆགས་པ་སྟེ། རང་བྱོན་ལྔ་ལྡན་གྱི་གཙུག་ལག་ཁང་དེར་ཡོད་པས་དེ་སྐད་ཅེས་ཟེར། རང་བྱོན་ལྔ་ལྡན་ནི།
ལྷ་སའི་གཅུག་ལག་ཁང་དུ་ཡོད་པའི་ཐུགས་རྗེ་ཆེན་བཅུ་གཅིག་ཞལ་ལ་ཟེར་ལ། རང་བྱོན་ནམ་རང་བྱུང་ལྔ་
ནི།
ཇོ་བོ་བཅུ་གཅིག་ཞལ་གྱི་སྲོག་ཤིང་ཙ་ན་དན་སྦྲུལ་གྱི་སྙིང་པོ་ལ་རང་བྱོན་འཕགས་པའི་སྐུ་དང་གཅིག། སྐུ་


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*