ལྷ་ཞལ། ལྷའི་ཁ་ད་ང་དོན་འདྲ།
ལྷ་ཆེ་རིང་པོ། འདུ་ཤེས་མེད་པ་བའི་མིང་ཡིན་ལ། དེ་ནི་བསམ་གཏན་བཞི་པའི་གནས་འབྲས་བུ་ཆེ་བའི་ཕྱོགས་
གཅིག་ན་གྲོང་ལས་དགོན་པའི་ཚུལ་དུ་ཡོད་ཅིང་།
དེར་སྐྱེས་མ་ཐག་དང་འཆི་བའི་ཆེ་མ་གཏོགས་པ་
སེམས་དང་སེམས་བྱུང་གི་རྒྱུ་བ་འགགས་ནས་བསྐལ་ཆེན་མང་པོར་གནས་པར་མངོན་པ་ནས་གསུང་ས་
སོ།
ལྷ་ཡབ་ཡུམ་ཞལ་སྦྱོར་གྱི་མཚོན་དོན། དེའི་མཚོན་དོན་ན་ནི། ཟུང་འཇུག་གི་གོ་འཕང་དེ་བདེ་བ་ཆེན་པོའི་ཡེ་ཤེས་
ཀྱི་སྟོབས་ཀྱིས་འཐོབ་པར་གོ་བའི་ཆེད་དུ་ཡིན་ཏེ། རྗེའི་འགྲེལ་པ་བཞི་སྦྲགས་ལས། དངོས་གྲུབ་མཆོག་ནི་
བདེ་ཆེན་གྱིས་འཐོབ་པའི། ཚུལ་འདི་བསྟན་ཕྱིར་རིག་མའི་མཆོག་དང་ནི། མཉམ་སྦྱོར་བླ་མ་དང་པོའི་
གོན་པ་ཡི། ཞབས་ཀྱི་པདྨོར་སྤྱི་བོས་ཕྱག་འཆལ་ཏེ། ཞེས་གསུངས། གཞན་ཡང་། སྟོང་ཉིད་རྟོགས་
པའི་ཡེ་ཤེས་ལྷ
་སྐུའི་བཞིན་ལག་གི་རྣམ་པར་ཤར་བ་ཡུམ། བདེ་བ་ཆེན་པོའི་ཡེ་ཤེས་བཞིན་ལག་གི་རྣམ་
པར་ཤར་བ་ཡབ།
རྒྱུ་ཞི་ལྷག་དང་སྟོང་ཉིད་དང་སྙིང་རྗེ་སོགས་ཟུང་འཇུག་ཏུ་བསྒྲུབས་པས་སྲིད་ཞིའི་མཐའ་
སྤངས་
ཏེ་ཟུང་འཇུག་རབ་ཏུ་མི་གནས་པ་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་གོ་འཕང་འགྲུབ་པའི་དོན་ནོ།
རྣམ་པར་དག་པའི་ཚུལ་འདི་ལྟ་བུ་མི་ཤེས་པར་འཁྲིག་པའི་འདོད་ཆགས་ཀྱིས་ལྷ་ཞལ་སྦྱོར་དུ་རློམ་པ་
སོགས་
ནི་སང་ས་རྒྱས་པའི་གསང་སྔགས་ཡང་དག་མ་ཡིན་པར་བཤད་ད་དོ།
ལྷ་ཡི་འཁོར་ལོ། (4) རྟེན་ལྷ་ཡི་གཞལ་ཡས་ཁང་། (8) བརྟེན་པ་ལྷ་ཨི་སྐུའོ།
ལྷ་ཡི་ཐཱེག་པ། འདོད་པའི་མངོན་མཐོའི་གོ་འཕང་སྒྲུབ་བྱེད་ཀྱི་ལམ། དཔེར་ན་ད་གེ་བཅུའི་ལས་ལམ་ལྟ་བུ། སྒྲ་
བཤད་ནི།
ལྷ་ནི་འདོད་ལྷ་རིས་དྲུག་དང་ཐེག་པ་ནི་དེ་ཐོབ་བྱེད་ཀྱི་ལམ་། ལྷ་ཡིས་མཚོན་པའི་འདོད་
པའི་མངོན་
མཐོ་ཐམས་ཅ་ད་སྒྲུབ་པའི་ཐབས་ཡིན་ཀྱང་། ལྷ་ཡི་ཞེས་བརྗོད་པ་ནི་བསྒྲུབ་བྱའི་གཙོ་བོ་ལྷ་ཡིན་
པའི་
གནད་ཀྱིས་ཡིན།
ལྷ་ཡི་དེ་ཁོ་ན་ཉིད། ལྷའི་དེ་ཁོ་ན་ཉིད། ལྷ་ཡི་དེ་ཉིད་རྣམས་དོན་འདྲ་།
ལྷ་ཡི་རྣལ་འབྱོར། རང་ཉིད་ལྷར་བསྒོམ་པའམ་རང་གི་མདུན་དུ་ལྷ་བསྒོམ་པ་ལ་ཟེར།
ལྷ་ཡི་བུ་མོ་ཐིག་ལེ་མཆོག་ ལྷ་ཡི་སྨད་འཚོང་མ་བཅུ་གསུམ་གྱི་ནང་ཆན་གློག་གི་འོད་ཅ་ན་མའི་མིང་།
ལྷ་ཡི་བླ་མ། དྲང་སྲོང་ཕུར་བུ། སྔོན་བརྒྱ་བྱིན་གྱིས་དྲང་སྲོང་ཕུར་བུ་ལྷ་གཞོན་ནུ་རྣམས་ལ་ལེགས་སྦྱར་སློབ་པའི་
སློབ་དཔོན་
དུ་བསྐོས་པས་ལྷ་ཡི་བླ་མ་ཞེས་མིང་ཐོགས།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*