764
གཞན་གྱི་སྟན་ལས་རང་གི་སྟན་ལྷག་པ་སྟེ་མཐོ་བ་ལ་འདུག་པ་སྤོང་བ་དང་། མཉམ་པ་ནི་གཞན་དང་སྟན་
མཐོ་དམན་མཉམ་པར་འདུག་པ་སྤོང་བས་དེ་ལྟར་དུ་བརྗོད།
ལྷག་པའི་བསླབ་པ་གསུམ། སྐྱབས་འགྲོས་ཟིན་པའི་བསླབ་པ་གསུམ་ལ་ལྷག་པའི་བསླབ་པ་གསུམ་ཟེར། དེ་གསུམ་
ནི།
ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ། ལྷག་པ་ཤེས་རབ་ཀྱི་བསླབ་པ་དང་
གསུམ།
སྒྲ་བཤད་ནི། ཕྱི་རོལ་པའི་བསླབ་པ་གསུམ་ལས་ལྷག་པའི་ཆ་ནས་དེ་སྐད་ཅེས་བརྗོད།
ལྷག་མ། ངསཾགྷབཤེཔ» (4) དགེ་འདུན་ལྷག་མའི་ལྟུང་བ། (2) བེད་སྤྱད་པའི་འི་འོ།
ལྷག་མའི་སྐུར་འདེབས་ཀྱི་ལྟུང་བྱེད། འབའ་ཞིག་པ་དགུ་བཅུའི་རེ་དགུ་པ། དགེ་སློང་ལ་གཞི་མེད་པར་ལྷག་མའི་
སྐུར་པ་བཏབ་པའོ།

ལྷག་མོས་ཀྱི་ལྷ། ས་བོན་ཕྱག་མཚན་སོགས་ལས་བསྐྱེད་མི་ད་གོས་པར་ལྷག་པར་ཏེ་ཤས་ཆེར་མོས་པ་ཙམ་གྱིས་
བསྐྱེད་པའི་
ལྷ་ལ་ལྷག་མོས་ཀྱི་ལྷ་ཟེར།
ལྷག་མོས་འོད་གསལ་དུ་སྡུད་པའི་དེ་ཉིད། བསྐྱེད་རིམ་པའི་འཆི་བ་ཆོས་སྐུའི་ལམ་འཁྱེར། འཆི་བ་ཆོས་སྐུའི་
ལམ་འཁྱེར།
དེ་བཞིན་ཉིད་ལས་བྱང་ཆུབ་པ། དོན་ད་མ་པའི་དཀྱིལ་འཁོར་རྣམས་དོན་འདྲ། རྗེའི་གསང་
འདུས་བསྐྱེད་རིམ་བློ་གསལ་བུང་བའི་རེ་སྐོང་ལ་གཞི་བྱས་ཏེ་བཀོད།
ལྷག་བསམ་རྣམ་དག (4) གཞན་ཕན་གྱི་བསམ་པ་ཡང་དག་པ། ལྷད་མིད་ཀྱི་སྤྱི་སེམས་བཟང་པོ། (2) རྒྱུ་འབྲས་
མན་ངག་བདུན་གྱི་
དྲུག་པ། སེམས་ཅ་ན་ཐམས་ཅད་སྡུག་བསྔལ་རྒྱུ་དང་བཅ་ས་པ་ལས་བྲལ་ན་ཅི་མ་རུང་།
འབྲལ་བར་བདག་གིས་བྱའོ་སྙམ་པའི་བསམ་པ། ཁུར་ཁྱེར་གྱི་བསམ་པ་དང་ལྡན་པས་སྙིང་རྗེ་ཆེན་པོ་ལས་
ལྷག་པའོ།
ལྷགས་པ། (4) འབྱོར་བའམ་སླེབས་པ། (2) གྲལ་དུ་འཁོད་པ། དཔེར་ན་ཆོས་ཉན་པའི་ཕྱིར་ཆོས་གྲལ་དུ་ལྷགས་
པ།
ཞེས་པ་ལྟ་བུ། (8) ཉམས་པ། དཔེར་ན་ལོ་མ་དང་མེ་ཏོག་དང་འབྲས་བུ་རྣམས་ཡོངས་སུ་ལྷགས་པར་
གྱུར་ཏོ། ཞེས་པ་ལྟ་བུ། (1)གཏད་པ། ལྕང་སྐྱ་རོལ་པའི་རྡོ་རྗེ་གསུང་། (8) རླུང་ཤུགས་ཆེན་པོ། དཔེར་
ན་ལྷགས་པ་
ཚ་པོ་རྒྱག་གི་འདུག་ཅེས་པ་ལྟ་བུ།
ལྷན་སྐྱེས་ཀྱི་ཕོ་ཉ། འོད་གསལ་དང་ཟུང་འཇུག་གི་རྟོགས་པ་བརྙེས་པའི་གསང་སྔགས་ཀྱི་ཕྱག་རྒྱ་མའམ་རྣལ་
འབྱོར་མ།
དེའི་ཡོན་ཏན་ནི། མཛེས་ཤིང་ཡིད་དུ་འོང་བ། རོ་སྨད་རྒྱས་ཤིང་འདོམ་སྟུག་པ། ནུ་འབུར་
རྒྱས་ཤིང་
ནུ་བར་དོག་པ། ལུས་ལས་དྲི་བཟང་པོ་འཕྲོ་བ། འཁྱུད་པ་དང་འོ་བྱེད་པ་ལ་སོགས་པའི་སྒུ་རྩལ་


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*