776
ཨུཏྤལ་ལྟར་གས་པ། གྲང་དམྱལ་བརྒྱད་ཀྱི་དྲུག་པ་ནི། གྲང་ངར་གྱི་ལྷགས་པ་ཆེན་པོས་ཕྱིའི་ལྤགས་མདོག་ཨུཏྤལ་
ལྟར་སྔོན་པོར་གྱུར་
ཞིང་ཚལ་པ་ལྔའམ་དྲུག་ཏུ་གས་ཏེ་སྡུག་བསྔལ་མོང་བའི་གྲང་དམྱལ་ཞིག པདྨ་སྟར་གས་པ་
ལ་གཟིགས།
ཨུཏྤལ་བསྣམས་པ། སྒྲོལ་མ།
ཨུ་དུམ་བྰ་ར་འི་མེ་ཏོག ཨུ་དུམ་བྰ་ར་དང་འདྲ།
ཨུ་དུམ་བྰ་ར། ལེགས་སྦྱར ཨུ་དུམ་བཱ་རའམ། ཨུ་དུསྦ་ར་ཡང་སྣང་། མཆོག་འཕགས་སམ་ཆེར་འཛགས་ཏེ།
བདུད་འཇོམས་ཤིང་ཟེར། འཆར་རྒྱུ་དཀའ་ལ་ཡལ་རྒྱུ་སླ་བས་ཧ་ཅ་ང་དཀོན་པོ་དང་། འཕྲལ་དུ་ཡལ་འགྲོ་
བའི་དཔེར་
འཇོག་སའི་མེ་ཏོག་ཅིག། ཨུ་དུམ་བཱ་རའི་མེ་ཏོག་དེ་ཇི་ལྟ་བུ་ཞེ་ན། མཚོ་མ་དྲོས་པའི་བྱང་
ཕྱོགས་
ན་རི་བོ་རྩེ་ལྔ་པ་ཞེས་བྱ་བ་ཡོད་ཅི་ང་། དེའི་ཕ་རོལ་ན་ཨུ་དུམ་བཱ་རའི་ཚལ་ཡོད་ལ་དེའི་མེ་ཏོག་གི་
ཆད་
ནི་ཤིང་རྟའི་འཕང་ལོ་ཙ་མ་ཡོད་ཅིང་། དེའི་མེ་ཏོག་ལོ་མའི་མཐར་སྐྱེ་བ་དང་། ཁ་དོག་ནི་ནམ་སང་ས་
རྒྱས་བཅོམ་ལྡན་འདས་
རྒྱལ་རིགས་སུ་འབྱུང་བའི་ཆེ་དཀར་པོ། བྲམ་ཟེའི་རིགས་སུ་འཁྲུང་ས་པའི་ཆེ་
མར་པོ་འབྱུང་ཞིང་། དེ་ཡང་སང་ས་རྒྱས་ཡུམ་གྱི་ལྷུམས་སུ་ཞུགས་པའི་ཆེ་ཁ་ཟུམ། ལྷུམས་ནས་
བལྟམས་པའི་ཆེ་ཕྱེ། སངས་རྒྱས་ཚུལ་བསྟན་པའི་ཆེ་མེ་ཏོག་རབ་ཏུ་རྒྱས། མང་ན་ལས་འདའ་ཚུལ་ 8
བསྟན་པའི་ཆེ་ལོ་མ་དང་མེ་ཏོག་འབྲས་བུ་རྣམས་བྲུལ་བར་འགྱུར། མེ་ཏོག་དེའི་ཡོན་ཏན་ནི། ཁ་དོག་ 8
མཛེས་ཤིང་འོད་གསལ་བ། དྲི་ཞིམ་ཞིང་ཁམས་དྭངས་པར་བྱེད་པས་དཔག་ཆད་གཅིག་འཁོར་ཡུག་ཏུ་ཁྱབ་ 8
པ། དྲན་པ་ཡོང་ས་སུ་སྦྱོང་ཞིང་ནད་རབ་ཏུ་ཞི་བར་བྱེད་པ། དྲི་ང་བ་སེལ་ཞིང་། སྣང་བ་གསལ་བར་བྱེད་པ་ 8
དེ་ལྟ་བུའི་ཁྱད་པར་ཅ་ན་སངས་རྒྱས་འབྱུང་བ་དང་དུས་གཅིག་ཏུ་སྐྱེ་བས་ན་ཤིན་ཏུ་དཀོན་པ་ཡིན་ནོ། 8
ཨུཅེཏི་ཀ། ལེགས་སྦྱར ཨུཙ་ཏིང་ཀ་ལ་གཟིགས། 8
ཨུཙཏིང་ཀ། ལེགས་སྦྱར མཆོང་ཞིང་འགྲོ་བའི་སྲོག་ཆགས་ཤིག་སྟེ། ཁྱི་ཤིག་གི་མིང་པར་སྣང་། དེས་སོ་བརྒྱབ་ན་ སྤྲ
ཕོ་མཚན་ལང་ཞེས་འདུལ་བ་ལུང་རྣམ་འབྱེད་སོགས་ལས་བཤད། དེ་ཡང་ཕོའི་དབང་པོ་ལས་རུང་དུ་བྱེད་ 8
པའི་རྒྱུ་ལྔ་ཡོད་པར་བཤད་དེ། བཤང་བས་ཉེ་བར་ནོན་པ་དང་། གཅི་བས་ཉེ་བར་ནོན་པ། རླུང་གིས་ཉེ་
བར་ནོན་པ།
སྲོག་ཆགས་ཨུཙ་ཏིང་ཀས་ཟིན་པ། འདོད་ཆགས་ཀྱིས་ཀན་ནས་ད་ཀྲིས་པ་དང་ལྔའོ། ལྔ་པོ་
འདི་ལུ
ང་རྣམ་འབྱེད་ལས་གསུངས་ཞེས་མཚོ་ཊིཀ་གསུང་། བསྟན་དར་ལྷ་རམས་པས། ཨུཅེཏི་ཀ་ཞེས་པ་
ཁྱི་ཤིག་གི་མིང་དུ་བཤད་འདུག་པས་དེ་གཉིས་དོན་གཅིག་པར་སྣང་ཡང་དཔྱད།
སྒྱུ


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*