www.dharmabook.ru tibetan OCR



92
མིང་སྟེ་བསྙེན་གནས་ཀྱི་སྡོམ་པ་ནི་ཁྱིམ་པའི་སྡོམ་པ་ཡིན་ཡང་། སྡོམ་པ་བརྟན་པའི་ཡན་ལག་ཏུ་བཅུན་པའི་
ཆ་ལུགས་བྱས་པས་གོ་མི་ཞེས་བཏགས་ཏེ། བཙུན་པ་བཏགས་པ་བའོ། ཞེས་གསུང་ས་པ་ལྟར་རོ། མཚོ་
ཊིཀ་ལྟ
ར་བཀོད་། ཇེ་ཙོང་ཁ་པ་ཆེན་པོའི་འདུལ་བ་རྒྱ་མཚོའི་སྙིང་པོར། དགེ་བསྙེན་དྲུག་མ་གཏོགས་གོ་མིའི་
དགོ་བསྙེན་ཞེས་པ་མ་གསུངས། ཡིག་ཆ་མང་པོར། གོ་མི་དགེ་བསྙེན་དགེ་བསྙེན་མཚན་ཉིད་པར་གསུང་ས་
འང་ཡོད་དོ།
གོ་ པྱོང་རྟོགས་གས་གསུམ། ཕྱག་ཆན གོ་བ་དང་། ཉམས་མོང་། རྟོགས་པ་དང་གསུམ་སྡེ། ལྟ་བ་ལ་ཐོས་བསམ་གྱི་
གྱི་གོ་བ།
སྒོམ་བྱུང་གི་ཉམས་མོང་། མོང་བ་མཐར་སོན་པའི་མངོན་སུམ་གྱི་རྟོགས་པ་དང་གསུམ་ལ་ཟེར།
དེ་ཡང་དཔེར་ན། རྒྱ་གར་རྡོ་རྗེ་གདན་ལྟ་བུའི་ལོ་རྒྱུས་ཐོས་པས་དེའི་དོན་སྤྱི་ཤར་བ་གོ་བ། དེ་ཉིད་མིག་
མ་དུ་གྱུར་ནས་བཀོད་པ་རགས་རིམ་མཐོང་བ་ཉམས་མོང་། དེའི་གནས་ཚུལ་ཞིབ་ཏུ་ངེས་ནས་བློ་ཁོག་
ཏུ་ཚུད་པ་རྟོགས་པ་དང་མཚུངས་པར་གསུངས་ས་སོ།
གཽ་རི། [ལེགས་སྦྱར (4) དཀར་མོ། (8) ལྷ་དབང་ཕྱུག་ཆེན་པོའི་ཡུམ། ཨུ་མ། དཀར་བཟློག་མ། རི་སྐྱེས་རྣམས་
མིང་གི་རྣམ་གྲངས་ཡིན།
(8) ཀེ་རྡོར་གྱི་ཡུམ།
གོ་ལ། རི་རབ་ཀྱི་ཁོར་ཡུག་གི་བར་སྣང་སྟོང་པ་ཁོར་ཡུག་ལ་གནས་པ་ལ་ཟེར། དེ་ལ་ནམ་མཁའི་གོ་ལ་དང་། ཉི་ཟླ་
རྒྱུ་བ
ས་ཉི་ཟླའི་གོ་ལ་དང་། རྒྱུ་སྐར་རྣམས་རྒྱུ་བས་རྒྱུ་སྐར་གོ་ལ་དང་། དེ་ཡི་ཐད་ཀའི་ས་ལ་ས་ཡི་གོ་ལ་
ཞེས་བཤད། འདིའི་སྐོར་མཁས་གྲུབ་ཆོས་རྗེའི་དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱ་ཆེར་བཤད་པ་
ནའང་གསལ།
གོང་བུའི་བཟླས་པ། ཐུགས་ཀའི་ས་བོན་ལ་བཟླ་རྒྱུའི་སྔགས་མགོ་གྱེན་བསྟན་ལུམ་པོར་བསྐོར་བར་འོད་ཟེར་འབར་
བའི་རྣམ་
པ་ཅ་ན་ལ་དམིགས་ནས་སྔགས་བཟླ་བ།
གོར་མ། རྡོ། དཔེར་ན་དབུ་སྙུང་གནང་བའི་གོར་མ་དེ་། ཞེས་པ་ལྟ་བུ། དབུ་སྙིང་ནི་མནའ་དང་། གོར་མ་ནི་རྡོའི་མིང་ཡིན་
པས།
སྔོན་དུས་བོད་དུ་མནའ་བསྐྱེལ་བའི་ཚེ་རྡོ་བ་རེ་ལག་ཏུ་ལེན་སྲོལ་ཡོད་པ་དེའི་མིང་སྟེ། དེ་ཁམས་དང་འབྲས་ལྗོངས་སོགས་
ན་ཉེ་དུས་བར་དུ་ཡོད་པར་མཁས་དབང་དགེ་འདུན་ཆོས་འཕེལ་གསུང་
གོལ་བ། ནོར་བའམ། འཁྲུལ་བ།
གོལ་ས། ནོར་ས། ལོག་པ། ལྡོག་ཕྱོགས། མི་མཐུན་ཕྱོགས།
གོལ་ས་གཅོུད་པ། ནོར་ས་ཤེས་པ། ནོར་ས་ངོས་འཛིན་པ། ནོར་ས་ལ་སྒྲོ་འདོགས་གཅོད་པ།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*