www.dharmabook.ru tibetan OCR


93
གོལ་ས་ཆོད་པ། ནོར་ས་ཤེས་པ། ནོར་ས་ངོས་བཟུང་ ནོར་ས་ལ་སྒྲོ་འདོགས་ཆོད་པ།
གོས་ཀྱི་རྒྱུ། འདུལ་བ ཆོས་གོས་བཟོ་རྒྱུའི་རྒྱུ་ར་ས་ཡུག་ལྟ་བུ་ལ་ཟེར།
གོས་ཀྱི་རྒྱུ་རུང་བ་བ་བདུན། འདུལ་བ ཆོས་གོས་ཀྱི་རྒྱུར་རུང་བའི་གོས་བདུན་ནི། བལ་གོས། ཤ་ནའི་གོས། ཟར་
མའི་གོས།
དུ་གུ་ལའི་གོས། རས་བལ་གྱི་གོས། ཀོ་ད་མ་པའི་གོས། ཉི་འོག་གི་གོས་ཞེས་འདུལ་བ་ལུང་
རྣམ་འབྱེད་
ལས་གསུང་ས། རིན་ཕྲེང་ལས་ས་སིུན་བལ་ཡང་རུང་བར་གསུང་
གོས་ཞག་ཅུ་འཆང་སྤང་། སྤང་ལྟུང་སུམ་ཅུའི་དང་པོ་ནི། གོས་དངོས་དང་དེའི་རིགས་ཁྲུ་གང་ཡན་ཆད་དུ་
ལོངས་པ་བྱིན་གྱིས་མ་བརླབས་
པར་རང་སྟོབས་སམ། ཤན་སྟོབས་ཀྱི་ཞག་བཅུ་འདས་པ་འཆང་བ་ནའོ།
གོས་བྱིན་པའི་ལྟུང་བྱེད་། འབའ་ཞིག་དགུ་བཅུའི་ཉེར་ལྔ་པ་ནི། དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་གོས་བྱིན་པ་དེས་
ཐོབ་པའོ།
གོས་བྱེད་པའི་ལྟུང་བྱེད། འབའ་ཞིག་པ་ད་གུ་བཅུའི་ཉེར་བཞི་པ་ནི། ད་བེ་སློང་མ་ཉེ་དུ་མ་ཡིན་པའི་གོས་བཟོ་བྱས་
ཏེ་ཟིན་པའོ།

གྱ་ཚོམ། ཆེད་དུ་མ་བསམ་པའི་གློ་བུར་བ།
གྱ་ནོམ་པ། བཟང་པོ། དཔེར་ན། མཆོད་པའི་དངོས་པོ་གྱ་ནོམ་པ། ཞེས་པ་ལྟ་བུ།
གྱ་ནོམ་སྣང་བ། གཟུགས་ཁམས་གནས་རིས་བཅུ་བདུན་གྱི་བཅོ་ལྔ་པ་སྟེ། སྒྲ་བཤད་ནི། མཆིམས་མཛོད་ལས།
ཆོས་མཐོང་བ་བཟང་བའི་ཕྱིར་གྱ་ནོམ་སྣང་བ། ཞེས་གསུང་ས་པ་ལྟར་རོ།
གྱ་བ། ཉམས་པ། ད་པེར་ན། ལམ་རིམ་ཆེན་མོར་ཞི་བརྒྱ་པའི་འགྲེལ་པ་དྲངས་པ་ལས། འགྲོ་བ་གྱ་ཞིང་མགོན་
མེད་པ།
ཞེས་གསུང་ས་པ་ལྟར་རོ།
གྱི་ན། ཕལ་པ། དཀྱུས་མ། ཐ་མལ། རང་དགའ། རང་ག། དཔེར་ན། གྱི་ནའི་ཟས་ཞེས་པ་ལྟ་བུ།
གྱི་ནར། རང་ད་གར། རང་གར། ཐ་མལ་དུ།
གྱི་ནར་བོར། ཅི་བདེར་བོར་བ། རང་དགར་བོར་བ། ཕལ་སྐད་དུ། དེ་ག་སེ་བཞག་ཅེས་པ་རྣམས་དོན་འདྲ། རྗེའི་
ལམ་རིམ་ཆེན་མོ་ལས།
གྱི་ནར་བོར་བ་ནི་ཅི་བདེར་བོར་བའོ། ཞེས་གསུངས།
གྱིན་རྦུ། ཙ་བའི་རླུང་ལྔའི་ཡ་གྱལ་ཏེ། གནས་མགྲིན་པ་དང་། བྱེད་ལས་བཟའ་བཏུང་མིད་པ་ལ་སོགས་པའི་ལས་
ཀུན་བྱེད་པའི་
རླུང་ཞིག ཁ་དོག་ནི་དམར་པོ་ཡིན་པར་རྗེའི་རིམ་ལྔ་གསལ་སྒྲོན་ན་གསལ། སྒྲ་བཤད་ནི།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*