www.dharmabook.ru tibetan OCR


108
འཇམ་དབྱངས་བཞད་པ། གྲུབ་ཆེནང་ག་དབང་བློ་གྲོས། གྲུབ་ཆེན་བཟོད་པ་རྒྱ་མཚོ། གྲུབ་
ཆེན་པཎ་ཆེན་དཔལ་ལྡན་ཡེ་
ཤེས་བཅས་སོ། རྒྱལ་བ་ཙོང་ཁ་པའི་བསྟན་པ་ལ།གསང་སྔགས་ཀྱི་སྒོ་ནས་
གྲུབ་པ་བརྙེས་པ་སུམ་ཅུ་ཐམ་པ་རྫོགས་ས་སོ།
ཀློང་རྡོལ་བླ་མའི་གསུང་འབུམ་དུ་བཞུགས་པ་ལྟར་བཀོད།
དགེ་ལུགས་པའི་ཡིག་ཆ་གྲགས་ཆེ་བ་བཞི། (1) རིགས་པའི་དབང་ཕྱུག་སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་
ཡིགཆ། ས་རབྱེས་དང་བྱང་རྩེ་གྲྭ་ཚང་གི་ཨིག་ཆ་ཡིན་ཞིང་། ཡིག་ཆ་ཐམས་ཅད་ཀྱི་ནང་ནས་རྩོམ་པ་སྔ་
ཤོས་མིན། (2) མདོ་སྔགས་རབ་འབྱམས་པ་ཆེན་པོ་པཎ་ཆེན་བསོད་ནམས་གྲགས་པའི་ཡིག་ཆ། བློ་
གསལ་གླིང་
དང་ཤར་རྩེ་གྲྭ་ཚང་གི་ཡིག་ཆ། (8) མཁས་ཤིང་གྲུབ་པ་ཆེན་པོ་བསྟན་པ་དར་རྒྱས་ཀྱི་ཡིག་ཆ་
ནི་སིར་སྨད་གྲྭ་ཚང་གི་ཡིག་ཆ། (4) ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེའི་ཡིག་ཆ་ནི་སྒོ་
མང་
གྲྭ་ཚང་གི་ཡིག་ཆ་ཡིན་པ་བཅས་སོ།
དགེ་བཤེས་ལྷ་རམས་པ། གནས་རིམ་མཐོ་ཤོས་ཀྱི་དགེ་བཤེས། སྔར་བོད་ལ་ལྷ་སར་སྨོན་ལམ་ཆེན་མོའི་སྐབས་
གདན་ས་གསུམ་མཉམ་འཛོམས་ཀྱི་འདུས་ཚོགས་སུ་གཞུང་ཆེན་ཀ་པོད་ལྔ་ལ་བགྲོ་གླང་དམ་འཇོག་མཛད་
པའི་མ
ཐོ་རིམ་གྱི་དགེ་བཤེས། སྒྲ་བཤད་ནི། ལྷ་ནི་ལྷ་ས་དང་། རམས་ནི་རབ་འབྱམས་ཀྱི་བསྡུས་ཚིག་སྟེ།
ལྷ་སའི་རབ་འབྱམས་པ་ཞེས་བྱ་བའི་དོན་ནོ།
ད་གེ་སློང་། མཁན་སློབ་དགེ་འདུན་དང་བཅས་པའི་དབུས་སུ་ངེས་འབྱུང་གི་བསམ་པས་ཀུན་ནས་བསླངས་ཏེ། ད་
ལྟར་གྱི་ཆོ་ག་ཉེས་མེད་ཕུན་ཚོགས་ཀྱི་སྒོ་ནས་བསྙེན་པར་རྫོགས་ཏེ།
ཁྲིམས་ཉིས་བརྒྱ་དང་ལྔ་བཅུ་རྩ་གསུམ་
རྣམས་ཇི་སྲིད་འཚོའི་བར་དུ་སྤོང་བར་ཁས་བླངས་ནས་ཚུལ་བཞིན་སྲུང་བར་བྱེད་པའི་
གང་ཟག་གོ སྒྲ་
བཤད་ནི།
བྷིཀྵཱུ་ཞེས་པའི་སྒྲ་ལས་དྲངས་ན་དགེ་བ་མྱ་ངན་ལས་འདས་པའི་དོན་འཚོལ་ཞིང་ཆོས་དང་ལྡན་
པའི་བསོད་སྙོམས་སློང་བས་ན་དགེ་སློང་
ཞེས་མཁན་པཛི་ན་མི་ཏྲ་ལ་སོགས་པ་བཞེད་
དོ།
ཞེས་མཚོ་བྱིཀ་གསུང་།
དགེ་སློང་རྡོ་རྗེ་འཛིན་པ། གསང་སྔགས་ཉམས་སུ་ལེན་མཁན་གྱི་དགེ་སློང་།
དགེ་སློང་མ། མཁན་སློབ་དགེ་འདུན་གྱི་སྡེ་གཉིས་དང་བཅས་པའི་དབུས་སུ་ངེས་འབྱུང་གི་བསམ་པས་ཀུན་ནས་
བསླངས་ཏ།
གསོལ་བཞིའི་ཆོ་གའི་སྒོ་ནས་ལྟུང་བ་སུམ་བརྒྱ་དང་དྲུག་ཅུ་རྩ་བཞི་རྣམས་ཇི་སྲིད་འཚོའི་བར་
དུ་སྤོང་བར་ཁས་བླངས་
ནས་ཚུལ་བཞིན་སྲུང་བར་བྱེད་པའི་བུད་མེད།
དགེ་སློང་མ་ཡིས་སྦོར་བཅུག་པ་ཟ་བའི་ལྟུང་བྱེད། འབའ་ཞིག་པ་དགུ་བཅུའི་སུམ་ཅུ་ཐམ་པ་ནི། དགེ་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*