www.dharmabook.ru tibetan OCR


ཞིག་དང་། (2) ཡང་། རྩ་རྒྱུད་སྒྲོན་གསལ་གཉིས་རྩ་ག དཀྱུས་མཆན། ཟུར་མཆན། ས་བཅད་
བསྡུས་དོན།
མཐའ་དཔྱོད་མུ་གུ་དང་བཞི་ལ་ཟེར། [རྗེ་གུང་ཐང་པས་འགྲེལ་པ་བཞིའི་ཇོས་འཚིན་ཕྱ་མ་ལྟར་མཛད་
པ།
ཀུན་མཁྱེན་འཇིགས་མེད་དབང་པོའི་རྣམ་ཐར་ན་གསལ། འགྲེལ་པ་བཞིའི་བཞིའི་བརྩི་ཚལ་མི་འདྲ་བ་གཉིས་ཀྱི་ནང་ནས་ཕྱ་མ་འདི་
གྲགས་ཆེ་
བར་སྣང་ངོ་། སྤྱིར་ན་དཀྱུས་མཆན་རྣམས་དཀྱུས་མའི་དོན་དང་། ཟུར་མཆན་རྣམས་འཕྲོས་དོན་
ལས་
དཀྱུས་མའི་དོན་མིན། དཀྱུས་མཆན་དངོས་གཞི་དཀྱུས་མའི་དོན་དུ་མ་ཟད། ཚིག་གོང་འོག་གཉིས་
ཀར་
འགྲིག་པ་དགོས་ཤིང་། ཟུར་མཆན་ལ་ངེས་པ་མེད་རུང་། རེ་གཉིས་ལ་དོན་དཀྱུས་མཆན་དུ་ཐོབ་པ་
འདྲ་བ་ཞིག་བྱུང་ཡང་། དཀྱུས་མཆན་དུ་བྱས་ན་འགྲེལ་པའི་འཇུག་ཡུལ་གོང་འོག་གང་རུང་རུང་རེ་མ་འབྲེལ་པ་
ཆེན་པོར་
གྱུར་པ་དག་ཟུར་མཆན་དུ་བཀོད། གཞན་ཡང་། སྟེང་མཆན་དང་། འོག་མཆན་གཉིས་ཐ་སྙད་
མི་འདྲ་བ་ཙམ་ལས། དོན་ལ་ཟུར་མཆན་ལས་གཞན་མིན་པར། རྒྱལ་མཆོག་བདུན་པ་ཆེན་པོས་རྩལ་བའི་
དཔར་
བྱང་དུ་གསལ་བར་གསུངས་ཞེས་གསལ། སྒྲ་བཤད་ནི། གོང་དུ་བཤད་པའི་འགྲེལ་པ་བཞི་པོ་དེ་དག་
དང་
སྦྲགས་ནས་དཔལ་གསང་བ་འདུས་པའི་རྩ་རྒྱུད་ཀྱི་དོན་འཆད་པས་ན་འགྲེལ་པ་བཞི་སྦྲགས་ཞེས་བྱ། (9)
འགྲེལ་བཤད། འགྲེལ་པའི་ཡང་འགྲེལ་པ། ཡང་འགྲེལ། (9)
འགྲོ་མགོན་གཙང་པ་རྒྱ་ར འབྲུག་པ་བཀའ་བརྒྱུད་ཀྱི་སྲོལ་འབྱེད། རྗེ་བཅུན་གཙང་པ་རྒྱ་རས་ནི། ཉང་སྟོད་ཁུ་
ལེའི་ཆ
ར་འཁྲངས། མཚན་གཡུང་དྲུང་དཔལ་དུ་བཏགས། དགུང་གྲངས་བཅུ་གཉིས་པ་ལ། ཡབ་ཀྱིས་
གཅེན་པོའི་སར་བཞག་ནས་སློབ་གཉེར་མང་དུ་མཛད། བཅུ་གསུམ་པ་ལ་སྐྲ་བཅད་དེ་མཚན་ཤེས་རབ་ དྦྷྱཱ
དཔལ་དུ་བཏགས། ཕྱིས་བླ་མ་ཞང་ལས་རབ་ཏུ་བྱུང་སྟེ་མཚན་ཡེ་ཤེས་རྡོ་རྗེ་ཞེས་བཏགས། ཉི་ཤུ་རྩ་ སྦྱི
གཉིས་
པ་ལ་རྗེ་བཅུན་གླིང་རས་པ་ར་ལུང་ན་བཞུགས་པ་དང་མཛལ་ནས་གདམས་པ་མང་དུ་གསན། དེ་ སྦྱི
ནས་
དབུས་སུ་བྱོན། སྣ་ཕུར་གླིང་རས་པ་ལ་སླར་ཡང་མཇལ་ནས་ཆོས་དྲུག་དང་། ལྷན་ཅིག་སྐྱས་སྦྱོར་ལ་ སྦྱི
སོགས་
པའི་གདམས་པ་གསན་པས་ཞག་བདུན་ནས་རས་ཐུབ་པ་བྱུང་། དགུན་འདག་སྦྱར་མཛད་དེ་ སྦྱི
བསྒོམས་པས་
རླུང་ཕྱི་ནང་བསྲེ་ནུས་པ་དང་། རྩིག་པ་ལ་ཐོགས་པ་མེད་པ་དང་། ཏིང་ངེ་འཛིན་གསལ་སྟོང་ སྦྱི
ནམ་མ
ཁའ་དང་མཉམ་པར་འཁྲུངས། རས་ཆུང་པས་གཏེར་དུ་སྦས་པའི་རོ་སྙོམས་སྐོར་དྲུག་བཏོན། བླ་
མ་ཞང་གི་
ལུང་བསྟན་ལྟར་ཀློང་རྡོལ་གྱི་དགོན་པ་བཏབ། ཡི་དམ་གྱིས་ལུང་བསྟན་པ་ལྟར་ར་ལུང་བཏབ།
གླིང་རས་པས་ལུང་བསྟན་པ་ལྟར་འབྲུག་དགོན་བཏབ་བོ།
འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་བཞི། འགྲོ་བ་ནི་ཐག་རིང་དུ་འགྲོ་བ། འཆག་པ་ནི་ཉེ་འཁོར་དུ་འཆམ་
འཆམ་
བྱེད་པ། འཆག་པ་ཞེས་པ་ཉེ་འཁོར་དུ་འཆམ་འཆམ་བྱེད་པ་ལ་ཟེར་བར། རྔེའི་ལམ་རིམ་དང་། རྗེ་གུང ཐང་པའི་ 8

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*