www.dharmabook.ru tibetan OCR


1 21
གསུང་ཟིན་བྲིས་ལ་གཟིགས་ན་ཤེས། ཉལ་བ་ནི་གཉིད་ལོག་པ། འདུག་པ་ནི་གདན་སོགས་ཀྱི་སྟེང་དུ་འདུག་པ་
དང་བཞི།
འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་བཞིའི་ཟླས་ཕྱེ་བའི་འགྲོ་འཆག་གཉིས་ལ་ཁྱད་པར་ཅུང་ཟད་
ཡོད་ཀྱང་།
སྤྱིར་འགྲོ་བ་དང་འཆག་པ་གཉིས་དོན་ཕལ་ཆེར་འདྲ་འོ།
འགྲོ་འཆག་ཉལ་འདུག། འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་བཞི་དང་དོན་འདྲ།
འགྲོ་ (4) གོམ་པ་བརྒྱག་པ། ཆས་པ། (2) སེམས་ཅ་ན། སྒྲ་བཤད་ནི། ལས་དང་ཉོན་མོང་ས་ཀྱི་ད་བང་གིས་
ཁམས་གསུམ་འཁོར་བའི་གནས་གཅིག་ནས་གཅིག་ཏུ་འགྲོ་བས་ན་དེ་སྐད་ཅེས་བྱ། སློབ་དཔོན་ཤཱཀྱ་འོད་ཀྱི་
སོ་
ཐར་གྱི་མདོའི་འགྲེལ་པ་ལ་གཞི་བྱས། ཡང་ན། ཆེ་སྔ་མ་ནས་འདིར་འགྲོ་བས་དེ་སྐད་ཅེས་བྱ། (8) སྐད་
ཅིག་མ།
དེ་ལ་འགྲོ་བ་ཞེས་པ་ནི། རང་གྲུབ་དུས་ཀྱི་སྐད་ཅིག་གཉིས་པར་མི་སྡོད་པར་འགྲོ་བས་ན་འགྲོ་བ་
ཞེས་བརྗོད་དོ། (4) ཆོས་ཐམས་ཅ་ད། རྒྱུད་བླ་མ་ལས། འགྲོ་བ་ཞི་བའི་ཆོས་ཉིད་དུ། ཞེས་པའི་འགྲེལ་
པར།
ཆོས་དང་གང་ཟག་གི་འགྲོ་བ་འདི་དག། ཅེས་ཆོས་ཐམས་ཅད་ལ་འགྲོ་བ་ཞེས་གསུངས་པ་དང་།
གཞན་ཡང་ཆོས་ཐམས་ཅད་ལ། མཐའ་དག་འགྲོ་བ་ཞེས་པ་ལྟ་བུ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་
ལ་གཞི་བྱས། (5) འདའ་བ། དཔེར་ན། ཞེ་སྡང་གིས་སངས་རྒྱས་ཀྱི་དཀའ་ལས་འདའ་བ་ལ། ཞེ་སྡང་
གིས་འགྲོ་བ།
ཞེས་བརྗོད་པ་ལྟ་བུའོ། སློབ་དཔོན་བཱཀྱ་འོད་ཀྱི་སོ་ཐར་གྱི་མདོའི་འགྲེལ་པ་ལ་གཞི་བྱས།
ཡང་འགའ་ཞིག་གིས་འགྲོ་བ་ཞེས་པ་བརྗོད་པའམ་སྨྲ་བའི་དོན་ཡིན་པར་ཡང་བཤད་དོ།
འགྲོ་བ་བཞི། (4) འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དང་
བཞི་སྟེ། འདུན་པ་སྟེ་འདོད་ཆགས་ཀྱིས་སངས་རྒྱས་ཀྱི་བཀའ་ལས་འད་འ་བ། ཞེ་སྡང་སྟེ་འཁོན་འཛིན་གྱིས་
སངས་རྒྱས་ཀྱི་
བཀའ་ལས་འདའ་བ། གཏི་མུག་སྟེ་མི་ཤེས་པས་སངས་རྒྱས་ཀྱི་བཀའ་ལས་འདའ་བ།
འཇིགས་པ་སྟེ་སྐྲག་པ་སྟོན་པས་སངས་རྒྱས་ཀྱི་བཀའ་ལས་འདའ་བ་དང་བཞིའོ། སྒྲ་བཤད་ནི། འགྲོ་བ་
ཞེས་པ་ནི་
འདིར་འདའ་བའི་དོན་ཡིན་པས། བཅ་ས་པའི་མཚམས་ལས་འདའ་བས་ན་འགྲོ་བ་ཞེས་བྱ་
བོ།
སློབ་དཔོན ཞཱཀྱ་འོད་ཀྱི་སོ་ཐར་གྱི་མདོའི་འགྲེལ་པ་ལ་གཞི་བྱས། དབུ་མ་རིན་ཆེན་ཕྲེང་བ་ལས་
ཀྱང་།
འདུན་དང་ཞེ་སྡང་འཇིགས་པ་དང་། རྨོངས་པས་གང་ཞིག་ཆོས་མི་འདའ། འདི་ནི་དད་པ་ཅན་
ཞེས་བྱ།
ཞེས་གསུངས་པ་དང་མཐུན་ནོ། ཡང་འགའ་ཞིག་གིས་འགྲོ་བ་ཞེས་པ་བརྗོད་པའམ་སྨྲ་བའི་དོན་
ཡིན་
པར་ཡང་བཤད་ཡོད། (2) འདྭུལ་བ འདུལ་བ་ལས་འགྲོ་བ་བཞི་ཞེས་པ་ནི། འགྲོ་བ་བཞིའི་སྐུར་བ་
འདེབས་པ་ལ་ཟེར།


*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*