|
1 22 ]22 འགྲོ་བ་བཞི་དང་བྲལ་བ། (4) འདོད་ཆགས་ཀྱི་དབང་དུ་མི་འགྲོ་བ། ཞེ་སྡང་གི་དབང་དུ་མི་འགྲོ་བ། འཇིགས་པའི་ དབང་དུ་མི་འགྲོ་ ། རྨོངས་པའི་དབང་དུ་མི་འགྲོ་བ་དང་བཞི་ཡིན་ཏེ། དབུ་མ་རིན་ཆེན་ཕྲེང་བ་ལས་ཀྱང་། འདུན་དང་ཞེ་སྡང་འཇིགས་པ་དང་། ]རྨོངས་པས་གང་ཞིག་ཆོས་མི་འདའ། །འདི་ནི་དད་པ་ཅན་ཞེས་བྱ། ། ཞེས་གསུངས་པ་ལྟར་རོ། །(2)[འདུལ་བ] འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དང་བཞིས་སྐུར་བ་མི་འདེབས་པ་ལ་ཟར། འགྲོ་བའི་སྒྲ་བཤད་གོང་དུ་འགྲོ་བ་བཞིའི་ཐད་ད་དུ་ གཟིགས། འགྲོ་བའི་དེད་དཔོན། སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་ཤིག འགྲོ་བའི་མར་མེ། སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་ཤིག འགྲོན་ཐོད། འགྲོན་བུ་ལས་བཟོས་པའི་མགོ་རྒྱན་ཞིག་ལ་ཟེར་བ་ཡིན་འདུག། རྗེ་མི་ལའི་རྣམ་མགུར་ལས། སྐེ་ཡི་ ནོར་བུ་རིན་ཆེན་དང་། །མགོ་ལ་གྱོན་པའི་འགྲོན་ཐོད་འད་འདི། །རྗེ་རས་པ་ཁྱེད་ལ་འབུལ་ལགས་ཀྱིས། ། སྦྱི བཀའ་དྲིན་ལྷ་ཆོས་གནང་བར་ཞུ། །ཞེས་པ་ལྟ་བུ། སྦྱི རྒ་བའི་ཆོས་ཅན། གདོན་མི་ཟ་བར་རྒ་བར་འགྱུར་བ། རྒས་པས་རིད་པ། རྒས་ཤིང་འཁོགས་པ། སྤྱིར་རིད་པ་ནི་ཚོན་པོའི་ལྡོག་ཕྱོགས་ཏེ་ཤ་སྐམ་པོར་གྱུར་པའི་དོན། རྒས་ཞུགས། (4) རྒན་ཆོས་བྱེད་པ། ན་ཚོད་རྒས་ནས་རབ་ཏུ་བྱུང་བ། (8) ཤིན་ཏུ་རྒས་པར་གྱུར་པ། རྒོད་པ། རྒོད་པ་ནི་ཡུལ་ཡིད་འོང་སོགས་ལ་འཕྲོ་ཞིང་རྒྱུག་པར་བྱེད་པའི་འདོད་ཆགས་ཀྱི་ཆར་གཏོགས་པའི་ སེམས་བྱུང་ངོ་། །ཞེས་རྗེའི་གསུང་མཁས་གྲུབ་ཆོས་རྗེས་ཟིན་གྲིས་བཏབ་པ་ལས་གསུང་ས། ཉོན་ཉི་ཤུའི་ སྦྱི བཅུ་བཞི་པ་ནི། འདོད་ཆགས་ཀྱི་ཆར་གཏོགས་པ་གང་ཞིག །སྔོན་རྒོད་རྒོད་པ་དང་། རྩེ་རྩེ་བ་ལ་སོགས་ ༄ པའི་ཡུལ་དྲན་པའི་སྒོ་ནས་དེ་ལ་སེམས་རྣམ་པར་འཕྲོ་བར་བྱེད་པས་རབ་ཏུ་ཕྱེ་བའི་རིག་པའོ། །བྱེད་ལས་ སྦྱི ནི། པྱིང་རྒོད་དང་བྲལ་བའི་ཞི་གནས་སྐྱེ་བ་ལ་བར་ཆད་བྱེད་པའི་ལས་ཅ་ན་ནོ། །ཀུན་བཏུས་ལམ་རིམ་དུ་ ༄ དྲངས་པ་ལས་ཀྱང་། རྒོད་པ་གང་ཞེ་ན་སྡུག་པའི་མཚན་མའི་རྗེས་སུ་འཇུག་པའི་འདོད་ཆགས་ཀྱི་ཆ་ར་ སྦྱི གཏོགས་པའི་སེམས་རྣམ་པར་མ་ཞི་བ་སྟེ་ཞི་གནས་ཀྱི་བར་དུ་གཅོད་པའི་ལས་ཅ་ན་ནོ། །ཞེས་གསུང་ས། སྦྱི རྒོད་པ་རགས་པ། (1)ལྷ་སྐུ་ལྟ་བུ་བསྒོམ་པ་ན་དམིགས་རྟེན་ཡིད་ཀྱི་ཡུལ་ནས་ཤོར་ཏེ་བརྗེད་ན་རྒོད་པ་རགས་ པའོ། །(2) [བཀའ་བརྒྱུད] ཡུལ་ལ་ཧ་ཅང་ཆགས་པས་གཉེན་པོས་ཀྱང་མི་ནོན་པར་འཕྲོ་བ། * * * * * * * * * * * * * * * * * * * * * * * * * |