www.dharmabook.ru tibetan OCR



23
རྒོད་པ་ཕྲ་མོ། (4) འཁྱགས་འོག་ནས་ཆུ་རྒྱུགས་པ་ལྟར། དམིགས་རྟེན་ཡིད་ཀྱིས་མ་ཤོར་བར། སེམས་ཀྱི་ཟུར་ཆ་
ཞིག་ནས་རྟོག་པ་འོག་འགྱུའི་ཚུལ་དུ་ཡུལ་ཡིད་དུ་འོང་བའི་རྣམ་པ་འཆར་ལ་ཁད་ལྟ་བུའི་རྒོད་པ་བྱུང་བ་ནི།

རྒོད་པ་ཕྲ་མོའོ། (2) བཀའ་བརྒྱུད གཡོ་མེད་དུ་མི་གནས་པར་ཅུང་ཟད་འཕྲོ་བའཕྲོ།
རྒོད་བག (1)མ་དུལ་བ་དང་རྩིང་པོ། མཚོ་ཊིཀ་ལས། ཆོས་གོས་ལེགས་པར་མ་བགོས་ཤིང་སྒྲ་ཆེན་པོ་ད་ང་།
རྒོད་བག་གི་སྤྱོད་ལམ་གྱིས་བསོད་སྙོམས་སློང་བར་བྱེད་པ་ན། ཞེས་གསུངས་པ་ལྟ་བུ། (2) རྩེད་མོ་རྣམ་
གཡེང་།
རྩེད་མོ་བཞད་གད། དཔེར་ན། མདོ་རྩ་རང་འགྲེལ་ལས། གནས་ངན་ལེན་གྱིས་ཐ་ན་རྒོད་བག་
ཙ་མ་གྱིས་སྨྲས་ན་ཡང་ཐམས་ཅད་དུ་སྦོམ་པོར་རིག་པར་བྱའོ།
ཞེས་གསུང་ས་པ་ལྟར་། (8) འབད་རྩོལ་
ཆེན་པོ།
རྗེའི་ལམ་རིམ་ཆེན་མོ་ལས། དབུགས་ནི་ཕྱི་ནང་དུ་རྒྱུ་བ་སྒྲ་ཅན་ཕར་རྒྱུ་ཚུར་རྒྱུ་ཐོས་པའི་སྒྲ་ཅནདང་
རྔམ་པ་
ཤིན་ཏུ་བྲེལ་བདང་རྒོད་བག་[འབད་རྩོལ་དང་ཨུ་ཚུགས ཅན་དུ་མི་གཏང་གི། ཅི་ནས་ཀྱང་ཕར་རྒྱུ་
ཚུར་རྒྱུ་མི་ཚོར་བར་དལ་བུ་དལ་བུས་འབད་པ་མེད་པར་འཇུག་པ་དེ་ལྟར་བྱའོ།
ཞེས་གསུང་ས་པ་ལྟ་བུ།
(4) བོད་རྒྱ་ཚིག་མཛོད་ཆེན་མོར། ཡོན་ཏན་མེད་ཅིང་སེམས་དཔངས་མཐོ་བ། ཞེས་ཀྱང་སྣང་།
རྒོད་བག་གི་སྤྱོད་ལམ། ཉེ་བར་མ་ཞི་བའི་འགྲོ་འདུག་གི་སྤྱོད་ལམ།
རྒོད་མ་ཁའི་མ། རྒོད་མ་ཁའི་མེ་ནི་རྒྱ་མཚོའི་མཐའ་ལ་བྲག་རི་རྟ་རྒོད་མའི་གདོང་པ་འདྲ་བའི་ཁ་ལས་འབར་བའི་
མི་
ཤིན་ཏུ་དམར་ཞིང་ཚ་བ་ཡོད་པ་དེ་ལ། རྒོད་མ་ཁའི་མེའམ་རྟ་གདོང་གི་མེ་ཞེས་གྲགས། དགྱིན་སྐད་དུ།
1བ་ཁ о-ཞེས་པ་དེའི་མེ་ཤིན་ཏུ་ཚ་བ་དའོ།
རྒྱ་སྐད། (4)རྒྱ་གར་གྱི་སྐད། ལེགས་སྦྱར་གྱི་སྐད། (2) འགའ་ཞིག་གིས་རྒྱ་ནག་གི་སྐད་ལ་རྒྱ་སྐད་ཅེས་སྦྱོར་བར་
མཛད་ཀྱང་འདི་འཁྲུལ་གཞི་ཆེ་བས། རྒྱ་ནག་གི་སྐད་ལ་རྒྱའི་སྐད་ཅེས་བརྗོད་ན་ལེགས་པར་སེམས།
རྒྱ་གར། འཕགས་ཡུལ། དབྱིན་ཌི་ཡ། བྷ་ར་ཏ། ཧིན་དུ་སྠན། སྒྲ་བཤད་ནི། ཡུལ་རྒྱ་ཆེ་ཞིང་གོས་དཀར་པོ་གྱོན་
པས་
ན་རྒྱ་གར་ཞེས་བྱ། འོ་ན་འབྲི་བའི་ཚེ་རྒྱ་དཀར་ཞེས་མི་འབྲི་བར་རྒྱ་གར་ཞེས་འབི་བ་ནི། ཐུའུ་
བཀྭན་བློ་བཟང་ཆོས་ཀྱི་ཉི་མས།
ཕལ་སྐད་ལ་དཀར་པོ་ལ་གར་པོ་ཞེས་ཀློག་པར་བྱེད་པའི་རྒྱུན་འབྱམས་པ་
ཡིན་གསུང་།
ཡང་མཁས་པ་འགའ་ཞིག་གིས། ད་འཕུལ་ཕྱིས། ཀ་ཡང་མིང་མཐའ་འདྲེན་ཚུལ་གྱི་དབང་
གིས་
ག་ཟླུམ་དུ་བསྒུར་བར་བཤད། ཡང་མཁས་པ་མང་པོས་འདོད་རྒྱལ་གྱི་བད་ཡིན་པར་ཡང་བཞེད་དེ།
རྗེ་ཙོང་ཁ་པ་ཆེན་པོའི་ལེགས་བཤད་གསེར་ཕྲེང་ལས་ཀྱང། རྒྱ་གར་ཞེས་པ་འདུལ་བ་ཚིག་ལེ་ལས།
མཉན་ཡོད་གནས་བཅས་ཙམ་པ་ཀ། ཝ་ར་ཎ་སྱི་ཡངས་པ་ཅན། རྒྱལ་པོའི་ཁབ་ནི་དྲུག་པ་སྟེ། འདི་
(3)

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*