www.dharmabook.ru tibetan OCR


144
སྒྲ་དོན། (4) རྟོག་པའི་སྣང་བའམ་དོན་སྤྱི། དཔེར་ན། བུམ་པའི་དོན་སྤྱི་ལ་བུམ་པའི་སྒྲ་དོན་ཞེས་པ་ལྟ་བུ། སྒྲ་
བཤད་ནི།
རྗོད་བྱེད་ཀྱི་སྒྲ་ཡི་དོན་ཏེ་ཡུལ་ལམ་བརྗོད་བྱ་ཡིན་པས་སྒྲ་དོན་ཞེས་བྱའོ། (2) སྒྲ་བཤད། སྒྲ་
དོན།
ཚིག་དོན། ངེས་ཚིག་རྣམས་མིང་གི་རྣམ་གྲངས་ཡིན།
སྒྲ་དོན་འདྲེར་རུང་དུ་འཛིན་པའི་བློ། རྟོག་པ། སྒྲ་བཤད་ནི། སྒྲ་སྤྱི་དང་དོན་སྤྱི་གང་རུང་སྣང་ཡུལ་དུ་བྱས་ནས་
འཛིན་པའི་
བློ་ཡིན་པས་དེ་སྐད་ཅེས་བྱའོ། སྡེ་བདུན་ཡིད་ཀྱི་མུན་སེལ་ལས་གསུངས།
སྒྲ་མཐས་ཐར་པ་སྟེར་བའི་དེ་ཉིད། སྒྲ་མཐས་ཐར་པ་སྟེར་བའི་དེ་ཉིད་དམ་བསམ་གཏན་ན་ནི། བྱ་རྒྱུད་ཀྱི་བསམ་
གཏན་གྱི་དེ་ཁོ་ན་ཉིད་ཀྱི་
ནང་གསེས་ཤིག་སྟེ། སྒྲ་གནས་ཀྱི་སྔགས་ཀྱི་སྒྲ་དེ་ལ་རིགས་པས་དཔྱད་ཅིང་
གཞིགས་པས་
སྒྲའི་རྒྱུན་ཇེ་ཕྲ་ཇེ་ཕྲར་སོང་ནས་མཐར་མི་རྟོག་པའི་ང་ང་དུ་མཉམ་པར་འཇོག་པ་སྟེ། དེ་ལས་
ལྷག་མཐོང་གི་
ཡེ་ཤེས་འཆར་ཞིང་ཐར་པའི་དངོས་ཀྱི་ཉེར་ལེན་དུ་འགྱུར་བར་བྱེད་པའི་བསམ་གཏན་ཞིག
སྒྲ་གནས་ཀྱི་དེ་ཉིད། སྒྲ་གནས་ཀྱི་དེ་ཉིད་དམ་བསམ་གཏན་ན་ནི། བྱ་རྒྱུད་ཀྱི་བསམ་གཏན་གྱི་དེ་ཁོ་ན་ཉིད་ཀྱི་ནང་
གསེས་
ཤིག་སྟེ། སྙིང་གར་ཟླ་དཀྱིལ་གྱི་སྟེང་མེ་ལྕེའི་དབུས་སུ་ལྷའི་གཞིའམ། ཟླ་དཀྱིལ་སྔགས་ཕྲེང་གིས་
བསྐོར་བ་ལ་
གསལ་བར་དམིགས་ལ། དེ་ནས་དེ་ཡང་སྤངས་ལ་དྲིལ་བུའི་སྒྲ་ལྟ་བུའི་རང་བྱུང་གི་སྔགས་སྒྲའི་
དབྱང་ས་ཙམ་
གྲགས་པ་འབའ་ཞིག་ལ་བསམས་ལ་སྲོག་རྩོལ་བསྡོམས་ཏེ་བསྒོམ་པའི་བསམ་གཏན་ན་ནོ།
སྒྲ་རྣམ་གྲངས་པ། མིང་རྣམ་གྲངས་པ། མིང་གི་རྣམ་གྲངས་རྣམས་དོན་འདྲ།
སྒྲ་སྤྱི། (4) གཞན་གྱི་སྒྲའམ་ཚིག་གི་རྗེས་སུ་འབྲངས་ཏེ་བྱུང་བའི་རྟོག་པའི་འདྲ་རྣམ། དཔེར་ན། ལྷ་སའི་གནས་
བཤད་བྱས་ཏ། རྟོག་ངོར་འཆར་བའི་ལྷ་སའི་འདྲ་རྣམ་ལྟ་བུའོ། (2) སྒྲ་འཛིན་རྟོག་པ་ལ་སྒྲ་མ་ཡིན་བཞིན་
དུ་
སྒྲ་ལྟ་བུར་སྣང་བའི་སྒྲོ་བཏ་གས་ཀྱི་ཆ། དཔེར་ན། དྲན་ལམ་དུ་གྱུར་པའི་རང་གི་བླ་མ་དང་ཕ་མ་སོགས་
ཀྱི་གསུང་གི་འདྲ་རྣམ་ལྟ་བུའོ། དེ་ལ་སྒྲ་སྤྱི་ཟེར་གྱི་སྒྲ་ཡི་དོན་སྤྱི་ཞེས་མི་ཟེར།
སྒྲ་སྤྱི་རྐྱང་པ། རང་གིས་དངོས་སུ་ཉམས་མོང་གིས་གྲབ་པ་མིན་པར། གཞན་གྱི་སྒྲའམ་ཚིག་ཁོ་ནའི་རྗེས་སུ་
འབྲང་ས་ཏེ་བྱུ
ང་བའི་རྟོག་པའི་འདྲ་རྣམ་ལ་ཟེར། དཔེར་ན། ལྷ་སར་འགྲོ་མ་མྱོང་པའི་གང་ཟག་ཞིག་ལ་ལྷ་
འི་གནས་བཤད་བྱས་། རྟོག་ངོར་འཆར་བའི་ལྷ་སའི་འདྲ་རྣམ་ལྟ་བུའོ།
སྒྲ་མི་སྙན། གླིང་བཞིའི་ཡ་གྱལ་ཏེ། རི་རབ་ཀྱི་བྱང་ངོས་སུ་ཡོད་པའི་ལིང་ཆེན། སྒྲ་བཤད་ནི། དེར་སྐྱེས་པའི་
སེམས་ཅ་ན་དེ་དག་
འཆི་བའི་ཞག་བདུན་གྱི་གོང་དུ་ཁྱོད་འཆིའོ་ཞེས་པའི་སྒྲ་མི་སྙན་པ་ནམ་མཁའ་ལས་ཐོས་
འི་ཕྱིར་རམ། པི་ཤ་ཅི་ཏ་འདྲེའི་སྐད་དུ་སྨྲ་བའི་ཕྱིར་སྒྲ་མི་སྙན་ནོ། ཞེས་མཆིམས་མཛོད་གསུང་།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*