www.dharmabook.ru tibetan OCR


1 46
གུས་པ་སྤོང་ཞིང་གླེགས་བམ་གཏའ་མར་འཇོག་པ། དཔེ་ཚོང་པྱེད་པ། དཔེ་རས་མེད་པར་གཅེར་བུར་
བཞག་པ། འོ་བརྒྱལ་སར་འཇོག་པ། ལག་པར་མཆིལ་མ་བསྐུས་ཏེ་ལྡེག་འགྱུར་བྱེད་པ། རྐང་པ་སོགས་ལ་
འཆང་བཞིན་དུ་དཔེ་ཀློག་བྱེད་པ། ལྷམ་ད་ང་སྲགས་ཏེ་འཁུར་བ་དང་འགོམ་ཡུགས་སོགས་མི་བྱེད་པར་ཆོས་
དཀོན་མཆོག་
ད་ངོས་ལྟར་གུས་པར་བྱེད་པའོ། དགེ་འདུན་ལ་སྐྱབས་སུ་སོང་བས་སྒྲུབ་པའི་བསླབ་བྱ་ནི།
དགེ་འདུན་ནམ་རབ་བྱུང་གི་རྟགས་ཙ་མ་འཛིན་པ་ལ་མི་གཤེ་ཞིང མི་བརྙས་པ་དང་། ངེད་ཚོ་ད་ང་ཁྱོད་ཚོ་
ཞེས་
རིས་སུ་བཅ་ད་ནས་དགྲར་ལྟ་བ་སོགས་རྣམ་པ་ཐམས་ཅ་ད་དུ་མི་བྱ་བར་ད་བེ་འདུན་དཀོན་མཆོག་
ད་ངོས་ལྟར་གུ
ས་པར་བྱེད་དགོས་པའོ།
སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པའི་ཐལ་འགྱུར། གཟུགས་ཕྱུང་རང་བཞིན་གྱིས་གྲུབ་པར་ཐལ། ཚོར་ཕྱུང་
རང་
བཞིན་གྱིས་གྲུབ་པའི་ཕྱིར། ཞེ་ན། ཚོར་ཕུང་རང་བཞིན་གྱིས་གྲུབ་པའི་རྟགས་ཀྱིས་གཟུགས་ཕུང་རང་
བཞིན་གྱིས་གྲུབ་པ་བསྒྲུབ་མི་ནུས་པར་ཐལ།
སྒྲུབ་བྱེད་ཚོར་ཕུང་རང་བཞིན་གྱིས་གྲུབ་པ་དང་། བསྒྲུབ་བྱ་
གཟུགས་ཕུང་རང་བཞིན་གྱིས་གྲུབ་པ་གཉིས་བསྒྲུབ་དཀའ་སླ་མཚུངས་
པའི་ཕྱིར། ཞེས་པ་ལྟ་བུ།
སྒྲུབ་ལོ། སྒྲུབ་ཁུལ།
སྒྲེན་མོ། (4) གཅེར་བུ། (2) ཆུའི་ནང་དུ་ཁྲུས་བྱེད་པ།
སྒྲོ་གུ། འཛིན་བྱེད་ཀྱི་ཐབས།
སྒྲོག་མདུད། གང་གིས་འཛིན་པ། འཇིན་བྱེད།
སྒྲོན་བསྐལ། སངས་རྒྱས་འཇིག་རྟེན་དུ་འབྱོན་དུས་ཀྱི་བསྐལ་པ་ལ་སྒྲོན་མེའི་བསྐལ་པ་ཟ་ར། སྒྲོན་བསྐལ་ལ་དབྱེ་ན།
སྒྲོན་བསྐལ་བསྐལ་པ་བཟང་པོ་ལ་སང་ས་རྒྱས་སྟོང་ངམ་སྟོང་དང་ལྔ། གསང་བ་བསམ་གྱིས་མི་ཁྱབ་པའི་ལ་སོགས་
པའི་མདོ་རྣམས་ལས་སངས་རྒྱས་སྟོང་འབྱོན་ཚུལ་གསུངས་ལ། སྙིང་རྗེ་པད་མ་དཀར་པོའི་མདོ་ལས་སངས་རྒྱས་སྟོང་དང་ལྔ་
འབྱོན་པར་གསུངས་ས་སོ སྒྲོན་བསྐལ་སྙན་པ་ཆེན་པོ་ལ་སངས་རྒྱས་ཁྲི། བསྐལ་པ་སྐར་མ་ལྟ་བུ་ལ་སངས་རྒྱས་
བརྒྱད་ཁྲི།
སྒྲོན་བསྐལ་ཡོན་ཏན་བཀོད་པ་ལ་སངས་རྒྱས་པརྒྱད ཁྲིབཞི སྟོང་འབྱུང པར་མདོ་སྡེ་བསྐལ་
བཟང་ལས་
བཤད་དོ།
སྒྲོན་བསྐལ་ད་ང་མུན་བསྐལ། སྒྲོན་བསྐལ་བསྐལ་པ་བཟང་པོ་ལ་སང་ས་རྒྱས་སྟོང་ང་མ་སྟོང་དང་ལྔ། འདིའི་འོག་ཏུ་
སང་ས་རྒྱས་མེད་པའི་བསྐལ་པ་དྲུག་ཅུ་འབྱུང་ང་ངོ་།
དེའི་འོག་ཏུ་བསྐལ་པ་སྙན་པ་ཆེན་པོ་ཞེས་བྱ་བ་འབྱུང་
སྟེ།
བསྐལ་པ་དེ་ལ་སང་ས་རྒྱས་ཁྲི་འབྱུང་ང་ངོ་། དེའི་འོག་ཏུ་སང་ས་རྒྱས་མེད་པའི་བསྐལ་པ་བརྒྱད་ཁྲི་འབྱུང་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*