www.dharmabook.ru tibetan OCR



15 5
ངོ་པོ་ཉིད་སྐུ། མངོན་རྟོགས་རྒྱན་ལས། ཐུབ་པའི་ངོ་བོ་ཉིད་སྐུ་ནི། ཟག་པ་མེད་པའི་ཆོས་གང་དག། ཐོབ་གྱུར་
རྣམ་ཀུན་རྣམ་དག་པ།
དེ་དག་རང་བཞིན་མཚན་ཉིད་ཅན། ཞེས་འབྱུང་། ངོ་བོ་ཉིད་སྟུའི་མཆན་ཉིད་ནི།
ད་ག་པ་གཉིས་ལྡན་གྱི་དབྱ་ང་ས་མཐར་ཐུག་ག་གོ། དེ་ལ་དབྱེ་ན། རང་བཞིན་རྣམ་དག་གི་ཆར་གྱུར་པའི་ངོ་བོ་
8 ཉིད་སྐུ་དང་། གློ་བུར་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་གཉིས་ཡོད། ད་ང་པོ་ནི། སང་ས་འཕགས་ཀྱི་
8 རྒྱུད་ཀྱི་ཆོས་ཉིད་ལྟ་བུ། གཉིས་པ་ནི། དེའི་རྒྱུད་ཀྱི་འགོག་བདེན་ལྟ་བུ།
8 ངོ་པོ་ཉིད་ཀྱི་དགེ་བ། ཀུན་སློང་སོགས་ལ་མ་ལྟོས་པར་རང་གྲུབ་ཙམ་ནས་རྣམ་པར་དཀར་བའི་ཆོས་སུ་གནས་
8 པའོ། ད་པེར་ན། ཀུན་སློང་ལ་མི་ལྟོས་པའི་ཕྱིར་ཕན་པའི་སྨན་ལྟ་བུའོ། མཆན་གཞི་ནི། དད་སོགས་ོགས་དབེ་
8བ་བཅུ་གཅིག་ལྟ་བུའོ།
ངོ་བོ་ཉིད་ཀྱི་མི་དགེ་ སྡིག་པའི་ཆོས་ཀུན་ནས་སློང་ཞིང་། ཡང་སྲིད་ཕྱི་མ་འཕེན་བྱེད་ཀྱི་རྣམ་པར་གནག་པའི་
ཆོས་སོ། འདོད་པའི་སས་བསྡུས་ཀྱི་ཉོན་མོང་ས་དང་ཉེ་ཉོན་ལྟ་བུའོ།
ངོ་བོ་ཉིད་ཀྱི་ལུང་མ་བསྟན། དགེ་མི་ད་གེ་གང་དུ་ཡང་ལུང་བསྟན་དུ་མེད་ཅིང་། རང་གྲུབ་ཙ་མ་ནས་དེ་
ལྟར་དུ་གནས་པ་ད་ང་། རྣམ་སྨིན་གྱིས་བསྡུས་པའོ། དཔེར་ན། མིག་སོགས་དབང་པོ་ལྔ་ལྟ་བུའོ།
ངོ་བོ་ཉིད་འཚོལ་བ། འདུལ་བའི་ཆད་ལས་གནས་པའི་དབེ་སྦྱོང་ཞིག་སྟེ། ལྟུང་བ་བྱུང་བ་བརྗེད་པའི་སྒོ་ནས་ཁས་
མི་ལེན་ན། དེ་ལ་ལྟུང་བའི་ངོ་བོ་ཉིད་འཚོལ་བ་སྟེ་དྲན་ཏུ་གཞུག་པའི་དབེ་འདུན་གྱི་ཆད་ལས་ལ་གནས་
བའི་དགེ་སྦྱོང་།
ངོ་བོ་ཉིད་འཚོལ་བ་སྦྱིན་པ། ངོ་བོ་ཉིད་འཚོལ་བ་དང་དོན་འདྲ་།
ངོ་ཚ་ སེམས་ཞུམ་ནས་ཅི་བྱ་གཏོལ་མེད་དུ་གྱུར་པའི་ལུས་སེམས་ཀྱི་ཚོར་སྣང་ཞིག། ལུང་ཕྲན་ཆེགས་ཀྱི་
འགྲེལ་པ་ལས། ངོ་ཆ་བ་ནི་ཞུམ་པས་ཇི་ལྟར་བྱ་བ་ལ་རྨོང་ས་པར་གྱུར་པའོ། ཞེས་གསུང་ས།
ངོ་ཚ་མེད་པ། ཉེ་ཉོན་ཉི་ཤུའི་བཅུ་གཅིག་པ་ནི། དུག་གསུམ་གང་རུང་གི་ཆར་གཏོགས་གང་ཞིག། བདག་གི་ཆོས་
རྒྱུ་མཆན་དུ་བྱས་ནས་ཁ་ན་མ་ཐོ་བ་ལ་མི་འཇེམས་པས་རབ་ཏུ་ཕྱེ་བའི་རིག་པའོ། བྱེད་ལས་ནི། ཉོན་
མོངས་དང་ཉེ་བའི་ཉོན་མོངས་རྣམས་སྐྱེད་པའི་ལས་ཅན་ནོ།
ངོ་ཆ་ཤེས་པ། རང་རྒྱུ་མཆན་དུ་བྱས་ཏེ་ངོ་ཚ་བ་ཞེས་པ་ལྟར། རང་རྒྱུ་མཆན་དུ་བྱས་ནས་ཁ་ན་མ་ཐོ་བ་ལ་འཛེམ་
པས་རབ་ཏུ་ཕྱེ་བའི་སེམས་བྱུང་ངོ་། བྱེད་ལས་ནི། སྒོ་གསུམ་གྱི་ཉེས་སྤྱོད་སྡོམ་པའི་ལས་ཅན་ནོ། རང་རྒྱུ་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*