www.dharmabook.ru tibetan OCR


64
རྔོག་ལོ་བསྟན་པའི་ཉི་མ་ཁུ་ད་བོན། ཁུ་བོ་ནི་ཨ་ཁུ་སྟ ལོ་ཅཱ་བ་རྔོག་ལེགས་པའི་ཤེས་རབ་དང་། དབོན་ནི་ཆ་བོ་
སྟ
ལོ་ཅཱ་བ་རྔོག་བློ་ལྡན་ཤེས་རབ་གཉིས་ལ་ཟར། ལོ་ཙཱ་བ་བློ་ལྡན་ཤེས་རབ་ནི། ལོ་ཅཱ་བ་ལེགས་པའི་
ཤེས་རབ་
ལ་གཅུང་པོ་ཆེ་ཆུང་བཞི་ཡོད་པའི་ནང་ནས་གསུམ་པ་ཆོས་སྐྱབས་ཀྱི་སྲས་ཡིན།
རྔོག་ལོ་བསྟན་པའི་ཉི་མ་བློ་ལྡན་ཤེས་རབ། ལོ་ཙཱབ་བློ་ལྡན་ཤེས་རབ་ནི། ངོག་ནི་རུས་ཀྱི་མིང་ཡིན། བོད་རབ་
བྱུང་
དང་པོའི་ས་ཕག་སྤྱི་ལོ་ ལོར་སྐུ་འཁྲུང་ས། རྒྱལ་བས་ལུང་བསྟན་པར་ཡང་གྲགས་ཤིང་། ཇོ་བོ་
རྗེའི་
སློབ་མ་རྔོག་ལེགས་པའི་ཤེས་རབ་ཀྱི་དབོན་དུ་འཁྲུང་ས། དེ་ཡང་ལོ་ཙཱ་བ་ལེགས་པའི་ཤེས་རབ་ལ་
ཅུང་པོ་ཆེ་ཆུང་བཞི་ཡོད་པའི་ནང་ནས་གསུམ་པ་ཆོས་སྐྱབས་ཀྱི་སྲས་ཡིན། ཤེས་རབ་ཀྱི་རྩལ་ཕུལ་དུ་
བྱུང་།
ཁ་ཆེར་ལོ་བཅུ་བདུན་ཙ་མ་བཞུགས་ནས་མདོ་སྔགས་ལ་གསན་པ་རྒྱ་ཆེར་མཛད། འགྱུར་མཛད་པ་
ཡང་ཤིན་ཏུ་མང་ཞིང་དག་ཅིང་དོན་བཟང་བས་ཀུན་གྱི་ཆད་མར་བྱེད། བཤད་གྲྭ་མང་དུ་མཛད་པས་སྲས་
ཀྱི་
ཐུ་བོ་བཞི་སོགས་སློབ་མ་ཉིས་ཁྲི་སུམ་སྟོང་བྱུང་བར་གྲགས། གསང་ཕུའི་གདན་སར་སེང་ཆེན་བརྒྱད་
སོགས་
རིམ་པར་བྱོན་ཅིང་། ཕྱིས་གླིང་སྟོད་ཀྱི་གདན་རབས་ཀྱང་བྱོན་ཏེ་བཤད་གྲྭའི་ཆུ་འགོ་ཡོངས་གྲགས་
སུ་གྱུར་
པར་བཤད། འདིའི་རྣམ་ཐར་ཅུང་ཟད་རྒྱས་པ་ཉི་ཐང་སྤྲུལ་སྐུ་ངག་ད་བང་གཞོན་ནུས་མཛད་པའི་
གསང་ཕུའི་དཀར་ཆག་ཏུ་ཡོད་པར་བཤད། རྔོག་ལོ་ཆེན་པོ། རྔོག་ལོ་བསྟན་པའི་ཉི་མ། རྔོག་ལོ་ཙཱ་བ་བློ་
ལྡན་ཤེས་རབ།
ལོ་ཙཱ་བ་རྔོག་བློ་ལྡན་ཤེས་རབ། ལོ་ཙཱ་བ་བློ་ལྡན་ཤེས་རབ་རྣམས་མཚན་གྱི་རྣམ་གྲང་ས་
ཡིན།
རྔོག་ལོ་ཡབ་སྲས། རྔོག་ལེགས་པའི་ཤེས་རབ་དང་། རྔོག་བློ་ལྡན་ཤེས་རབ་གཉིས་ལ་ཟེར།
རྔོད། (4) འབྲུ་སོགས་སླ་ངར་བཞག་ནས་ཚོས་པར་བྱེད་པའི་དོན། ཡོས་རྔོད། ཚོད་མ་རྔོད་ཅེས་པ་ལྟ་བུ། [རྔོད་ད་ལྟ་
བརྔོས་འདས་པ བརྔོད་མ་འོང་ས་པ རྔོད་སྐུལ་ཚིག (2) འདྲིད་པའམ་སླུ་བར་བྱེད་པའི་དོན། [རྔོད་ད་ལྟ་
བུརྔོད་འདས་པ བརྔོད་མ་འོངས་པ [རྔོད་སྐུལ་ཚིག ལུང་ཕྲན་ཆེགས་ཀྱི་འགྲེལ་པ་ལས། སླུ་བར་བྱེད་པ་
ཞེས་བྱ་བ་ནི་རྔོད་པར་བྱེད་པ་ཡིན་ཏེ།
རྣམ་པ་གཞན་དུ་སྟོན་པའི་ཕྱིར་རོ ཞེས་གསུངས།
ལྔ་བརྒྱ་ཐ་མ། བདག་ཅག་གི་སྟོན་པའི་བསྟན་པ་ལོ་ལྔ་སྟོང་གི་བར་དུ་གནས་པར་བཤད་ལ། ལྔ་སྟོང་ལ་ལྔ་བརྒྱ་པ་
ཕྲག་བཅུ་
ཡོད་པའི་དེའི་ཐ་མ་སྟེ། ལྔ་བརྒྱ་པ་བཅུ་པ་ནི། རབ་ཏུ་བྱུང་བའི་རྟགས་ཙམ་ལས་ལྟ་སྤྱོད་རྣལ་མ་
དང་མི་ལྡན་པས་རྟགས་ཙ་མ་འཛིན་པའི་ལེའུ་སྟེ།
འདི་ཉིད་ལ་ལྔ་བརྒྱ་ཐ་མ་ཞེས་བྱའོ།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*