www.dharmabook.ru tibetan OCR


8 ལྔ་ལྡན། (4) འགྲི་གུང་འཇིག་རྟེན་མགོན་པོའི་ཕྱག་ཆེན་འཁྲིད་ལུགས་ཀྱི་གདམས་པ་ཞིག་སྟེ། བྱང་ཆུབ་ཀྱི་སེམས་
8 བསྒོམ་པ། རང་ལུས་ལྷར་བསྒོམ་པ། བླ་མ་ལ་མོས་གུས་བསྒོམ་པ། མི་རྟོག་པའི་ལྟ་བ་བསྒོམ་པ། བསྔོ་སྨོན་
8 གྱིས་རྒྱས་འདེབས་པ་དང་ལྔའོ། བཀའ་བརྒྱུད་པའི་ཕྱོགས་ལ་གདམས་པ་འདི་ཤིན་ཏུ་འཕྲིན་ལས་དང་དར་
8 ཁྱབ་ཆེ་བར་གསུང་། (2) ལྔ་དང་ལྡན་པ། ལྔ་ཡི་སྡེ་ཚན།
ལྔ་ཕྲུགས། ལྔ་ཡི་སྡེ་ཚན།
ལྔ་ཕྲུགས་རང་དབང་ཅན། འདུལ་བ ལྔ་ཚན་གཅིག་ཚང་བར་བྱེད་པ་ལ་ལྔ་ཚན་གཞན་གྱི་ཡ་ན་ལག་ཟླ་བོར་ངེས་
8 གཟུང་དུ་དགོས་པའི་ལྔ་ཕྲུགས་ལ་ཟེར། མཆན་གཞི་ནི། གསལ་བའི་ལྔ་ཕྲུགས། འཇིན་དུ་འཇུག་ནུས་པའི་
ལྔ་ཕྲུགས། ལྷག་པའི་བསླབ་པ་གསུམ་ལ་འཇིན་དུ་འཇུག་ནུས་པ། ལྷག་པའི་སྤྱོད་པ་ལ་སློབ་ཏུ་འཇུག་ནུས་པ་
སྟེ་བཞིའོ།
ལྔ་པ། (1) གྲངས་གནས་ལྔའི་ཐད་ལ་གནས་པ། ད་པེར་ན། དང་པོ། གཉིས་པ། གསུམ་པ། བཞི་པ། ལྔ་པ། ལྟ་བུ།
(2) ལྔ་དང་ལྡན་པ། དཔེར་ན། རིམ་པ་ལྔ་དང་ལྡན་པ་ལ། རིམ་པ་ལྔ་པ། རྫོགས་རིམ་རིམ་པ་ལྔ་པ། ཞེས་
པ་ལྟ་བུ། (8) འཆི་བ། (4) བརྡ་རྙིང མཐང་གོས།
ལྔ་པ་ཁྱད་པར་ཅན། འདུལ་བ ལྔ་ཕྲུགས་ཁྱད་པར་ཅན་དང་དོན་གཅིག
ལྔ་པ་ཁྱད་པར་ཅན་མ་ཡིན་པ། འདུལ་བ ལྔ་ཕྲུགས་ཁྱད་པར་ཅན་མ་ཡིན་པ་དང་དོན་གཅིག
ལྔ་པ་རང་དབང་ཅན། འདུལ་བ ལྔ་ཕྲུགས་རང་དབང་ཅན་དང་དོན་གཅིག
ལྔ་པ་རང་ད་བང་ཅ་ན་མ་ཡིན་པ། འདུལ་བ ལྔ་ཕྲུགས་རང་དབང་ཅན་མ་ཡིན་པ་ད་ང་དོན་གཅིག
ལྔ་ཕྲུགས་ཁྱད་པར་ཅན། འདུལ་བ འདུལ་བ་ཤེས་པའི་སྟེང་དུ་སྡེ་སྣོད་གཞན་གཉིས་ཤེས་པའམ་འཕགས་ཆོས་
ཐོབ་པ་ལ་སོགས་པ་ཁྱད་པར་གྱི་ཡོན་ཏན་ཡར་ལྡན་དུ་ཡོད་པའི་ལྔ་ཕྲུགས་ལ་ལྔ་པ་ཁྱད་པར་ཅན་ཟེར། བྱུང་
ཤེས་ལྟུང་ཤེས་
གཉིས་མ་གཏོགས་པའི་ལྔ་ཕྲུགས་ལྷག་མ་བཅུ་དགུ་ནི་ཁྱད་པར་ཅ་ན་ཡིན་ནོ།
ལྔ་ཕྲུགས་ཉེར་གཅིག འདུལ་བ ལུང་གཞིའི་བར་སྡོམ་ལས། ལོ་བཅུ་ལོན་ད་ང་འཛིན་ད་ང་མཁས། རིག་དང་
གསལ་དང་འཛིན་འཇུག་དང་། སློབ་ད་ང་སློབ་འཇུག་རྣམ་པ་གཉིས། ཕུན་སུམ་ཚོགས་གཉིས་རྣམ་པ་
གསུམ། སློབ་དང་མི་སློབ་བྱུང་ཤེས་དང་། གནས་འཆའ་འཆར་འཇུག་ལྟུང་བ་ཤེས། ཞེས་པ་ལྟར་ཉེར་
གཅིག་གོ།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*