www.dharmabook.ru tibetan OCR


70
སྔོན་གྱི་མཐའ་ལ་མཁས་པ། རང་གཞན་གྱི་སྔོན་གྱི་ཆེ་རབས་དུ་མ་སྐད་ཅིག་ཙ་མ་གྱིས་ཁོང་དུ་ཆུད་ནུས་པ་ལ་ཟེར།
རྗེའི་འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ་ལས། ཐོག་མེད་འཁོར་བར་ཡོངས་སུ་འདྲིས་བགྱིས་པའི། རང་
གཞན་ཆེ་ར
བས་དྲན་རྟགས་དང་བཅས་པར། སྐད་ཅིག་ཙམ་གྱིས་ཁོང་དུ་ཆུད་པས་ན། ཁྱོད་ནི་སྔོན་གྱི་
མཐའ་ལ་མཁས་པ་ལགས།
ཞེས་གསུང་ས་པ་ལྟར་རོ།
སྔོན་གྱི་གནས། སྔོན་གང་དུ་སྐྱེས་པའི་གནས།
སྔོན་འགྲོ་ཁྲིད་ཆེན་བཞི། སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཁྲིད། རྡོར་སམས་སྒོམ་བཟླས་ཀྱི་ཁྲིད་། མཎྜལ་གྱི་ཁྲིད། བླ་
མའི་རྣལ་འབྱོར་གྱི་ཁྲིད་དང་
བཞི་ལ་ཟེར་། གུང་ཐང་བསྟན་པའི་སྒྲོན་མེའི་མཎྜལ་གྱི་ཁྲིད་ཡིག་དཔག་
བསམ་སྙེ་མ་ལས།
བསྟན་པ་སྤྱིའི་འཇུག་སྒོ་སྐྱབས་འགྲོ་དང་། ཐེག་ཆེན་ལམ་གྱི་འཇུག་བོ་སེམས་བསྐྱེད་
ཕྱོགས་གཅིག་ཏུ་བསྡོམས་པ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཁྲིད། སྡིག་པ་བྱོང་བ་རྡོར་སེམས་བབོམ་བཟླས་ཀྱི་
ཁྲིད།
ཚོགས་གསོག་པ་མཎྜལ་གྱི་ཁྲིཁྲིད། བྱིན་རླབས་འཇུག་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་བཞི་ལ་སྔོན་འགྲོ་
ཁྲིད་ཆེན་
བཞིའམ། སྔོན་འགྲོ་འབྲེལ་བ་ཅན་བཞིར་གྲགས། ཞེས་གསུང་ས་སོ།
སྔོན་ཆོག སྟོན་པ་སངས་རྒྱས་ནས་ལོ་དྲུག་གི་བར་རབ་བྱུང་དང་བསྙེན་རྫོགས་ཅིག་ཅར་དུ་སྒྲུབ་བྱད་གསོལ་བཞིའི་
ལས་ཀྱི་ཆོ་ག་ལ་ཟེར།
སྒྲ་བཤད་ནི། ད་ཆོག་གི་སྡོན་རོལ་དུ་བྱུང་བས་ན་སྔོན། སྡོམ་པ་ཐོབ་པྱད་ཀྱི་ཐབས་
ཡིན་པས་ན་
ཆོ་གའོ།
སྔོན་དུས་ཀྱི་སྲིད་པ། སྲིད་པ་བཞིའི་ནང་གསེས། སྐྱེ་བ་བླང་ས་པའི་སྐད་ཅིག་མ་གཉིས་པ་ནས་འཆི་སྲིད་སྐད་ཅིག་
མ་ཐ་མའི་སྔོན་རོལ་གྱི་སྲིད་པ་ལ་ཟེར། སྒྲ་བཤད་ནི། འཆི་སྲིད་ལ་ལྟོས་ནས་སྔོན་དུ་བྱུང་བའི་སྲིད་པ་ཡིན་
པས་ན་དེ་སྐད་ཅེས་བྱའོ།

སྔོན་བྱུང་། སྔོན་གྱི་བྱུང་བ་སྟ། སྔོན་གྱི་ལོ་རྒྱུས།
བརྔོད། རྔོད་དང་དོན་འདྲ་། རྔོད་ལ་གཟིགས།
བསྔགས་པ་ཀ། བསྔགས་པརང་། བསྔགས་པ་ཁོ་ན། དཔེར་ན་བྱང་ཆུབ་ཀྱི་སེམས་ཀྱི་བསྔགས་པ་ཀ་གསུང་། ཞེས་
པ་ལྷ་བུ།
བསྔགས་འོས་བསྔགས་བསྟོད། སློབ་དཔོན་མ་ཏི་ཙིཊས་མཇད།
བསྔོ་བགྲང་། གྲངས་བཤེར་བྱེད་པ། ད་པེར་ན་ད་གོང་མོ་ཉལ་ཁར་ད་ནང་ས་ནམ་ལང་ས་ནས་ད་ལྟའི་བར་དགེ་བ་
གང་བྱས།
སྡིག་ལྟུང་ཇི་བྱུང་གི་རྩིས་བཤེར་བྱས་ཏེ། དགེ་བ་བྱས་པར་རྗེས་སུ་ཡི་རང་དང་། སྡིག་པ་བྱས་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*