www.dharmabook.ru tibetan OCR


གཏོགས་ཤིང་། དེ་དང་བརྗོད་བྱ་ཕྱོགས་མཐུན་དུ་གྱུར་པའི་རྒྱུད་ལ་ཟེར། དཔེར་ན། རྡོ་རྗེ་སྙིང་པོ་རྒྱན་གྱི་
རྒྱུད་ད་དང་།
སྒྱུ་འཕྲུལ་དྲ་བ་དང་། གཤིན་རྗེ་གཤེད་ད་མར་ནག་གི་རྒྱུད་ལ་སོགས་པ་གསང་འདུས་ཀྱི་ཆ་
མཐུན་གྱི་རྒྱུད་
ཡིན་པ་ལྟ་བུ་དང་། མཁའ་འགྲོ་རྒྱ་མཚོ་ལ་སོགས་པ་བདེ་མཆོག་གི་ཆ་མཐུན་གྱི་རྒྱུད་ཡིན་པ་
ལྟ་བུའོ།
ཆ་མེད་ཀྱི་དངོས་པོ། ༿རྔུལ་ཕྲན་ཆ་མེད། ༿ ཤེས་པ་སྐད་ཅིག་ཆ་མིད། རྗེའི་ལམ་རིམ་ན་གསལ།
ཆ་ལ་བརྟེན་པའི་ཉེས་བྱས་བརྒྱད། ལག་ཉ་དང་། མཆམས་བཙོས། ཞག་ལོན། བརྗེན་བཙོས་དང་བཞི་དང་།
ཟས་དེ་བཞི་ཟོས་པའི་ཉེས་པ་བཞི་དང་བརྒྱད་དོ། འདི་ལ་གསོག་འཇོག་གི་ཆ་ལ་བརྟེན་པའི་ཉེས་བྱས་ཀྱང་
ཟེར།
ཆ་གསུམ་གཏོར་མ། ཕྱོགས་སྐྱོང་། འབྱུང་པོ། བགེགས་རྣམས་ལ་འབུལ་རྒྱུའི་གཏོར་མ་དུམ་པོ་གསུམ་པ་ཞིག་སྟེ།
དེ་ཡང་། ཆ་ད་ང་པོ་ཕྱོགས་སྐྱོང་བཅུ་ལ་འབུལ། གཉིས་པ་འབྱུང་པོ་རྣམས་ལ་འབུལ། གསུམ་པ་བགགས་
རྣམས་ལ་
འབུལ་བ་ཡིན། ཞེས་ས་སྐྱའི་ཆོས་སྤྱོད་ཞལ་འདོན་ལས་འབྱུང་།
ཆ་གས་པ། (4) འདོད་ཆགས། (2) རྗེས་སུ་ཆགས། སྙིང་བརྩེ་བ། དེ་ལ་འཇུག་པ་ནི། འགྲེལ་པ་དོན་གསལ་ལས།
འགྲོ་ལ་ཆགས་པས་ཀུན་ཆགས་མཛད། ཅེས་གསུངས་པ་ལྟ་བུའོ།
ཆགས་པ་ལམ་བྱེད། ཆགས་པ་ལམ་གྱི་གྲོགས་སུ་བསྒུར་བ་ལ་ཟེར།
ཆགས་སོགས་ཉོན་མོང་ས་ལྔའི་གཉེན་པོ། འདོད་ཆགས་ལ་ཤས་ཆེར་སྤྱོད་པའི་གཉེན་པོར་མི་སྡུག་པ། ཞེ་སྡང་
ལ་
ཤས་ཆེར་སྤྱོད་པའི་གཉེན་པོར་བྱམས་པ། གཏི་མུག་ལ་ཤས་ཆེར་སྤྱོད་པའི་གཉེན་པོར་རྟེན་འབྲེལ། ང་
རྒྱལ་ལ་
ཤས་ཆེར་སྤྱོད་པའི་གཉེན་པོར་ཁམས་ཀྱི་རབ་ད་བྱེ། རྣམ་རྟོག་ལ་ཤས་ཆེར་སྤྱོད་པའི་གཉེན་པོར་
དབུགས་འབྱུང་རྔེུབ་སྟེ་ལྔའོ།
ཆང་འཐུང་བའི་ལྟུང་བྱེད། འབའ་ཞིག་པ་དགུ་བཅུའི་དོན་དགུ་པ། ཆང་མཆན་ཉིད་པ་མགུལ་དུ་མིད་པའོ།
འདི་ལ་མོར།་འགྱེར་འཐུང་བའི་ལྟུང་བྱེད་ཀྱང་ཟེར།
ཆད་ཅིང་འཇུག་པའི་ཡིད་བྱེད། ཡིད་བྱེད་བཞིའི་གཉིས་པ། སྒྲ་བཤད་ནི། སེམས་གནས་གསུམ་པ་ནས་བདུན་
པའི་བར་གྱི་
སེམས་གནས་ལྔའི་སྐབས་སུ་བྱིང་རྒོད་ཀྱིས་བར་དུ་བཅད་ནས་ཐུན་རིང་པོ་སྐྱོང་མི་ནུས་པས་
སྐབས་སུ་ཆད་ཅིང་འཇུག་པའི་ཡིད་བྱེད་ཅེས་བྱའོ།
ཆད་པ་མེད་པར་འཇུག་པའི་ཡིད་བྱེད། ཡིད་བྱེད་བཞིའི་གསུམ་པ། སྒྲ་བཤད་ནི། སེམས་གནས་བརྒྱད་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*