www.dharmabook.ru tibetan OCR


ཀྱང་ཡན་ལག་རེངས། ཁ་འཐམས། སེམས་ཁུང་དུ་ཆུད་ཅུང་ཟད་ཀྱང་སྟོན་པའི་མཐུ་མེད་པར་གྱུར་ཏེ་
ཕམ་པ
ར་མཛད། དེ་ལྟར་ཆོ་འཕྲུལ་ཆེན་པོ་བསྟན་ཟིན་པ་དང་མཉན་ཡོད་དུ་ཆོ་འཕྲུལ་མཆོད་རྟེན་ནམ་མུ་
སྟེགས་ཕམ་བྱེད་ཀྱི་མཆོད་རྟེན་བརྩིགས་ཤིང་།
དེའི་ཕྱི་ལོ་ནས་ཆོ་འཕྲུལ་མཆོད་པ་ཚུགས་ཏེ་རྒྱ་གར་གྱི་
པཎ་གྲུབ་ད་ང་རྒྱལ་
བློན་དང་། ཁྱིམ་བདག་དད་པ་ཅན་ལ་སོགས་པས་ཡུལ་སོ་སོར་ཆོ་འཕྲུལ་དུས་ཆེན་ལ་
མཆོད་པ་དང་དུས་སྟོན་བྱེད་པ་དར་བར་གྱུར།
དེའི་རྒྱུན་གྱིས་བོད་དུ་ཡང་ཆོས་རྒྱལ་གོང་མ་ནས་བཟུང་སྟེ་
བླ་མ་
དང་སྦྱིན་བདག་སྟོབས་དང་ལྡན་པ་རྣམས་ཀྱིས་དུས་ཆེན་ལ་མཆོད་པ་མཛད་པ་མང་དུ་བྱུང་ཞིང་།
ལྷག་པར་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་ལྷ་ལྡན་སྤྲུལ་པའི་གཅུག་ལག་ཁང་དུ་ཇོ་བོ་ཤཱཀྱ་མུ་ནེས་
གཙོ་མཛད་པའི་རྟེན་གསུམ་ཁྱད་པར་ཅ་ན་གྱི་དྲུང་དུ། མཆོད་པ་རྒྱ་ཆེན་པོ་བཤམས་ཏེ་དགེ་འདུན་ཁྲི་ཕྲག་
ལྷག་དང་བཅ་ས་པས་
ཆེས་གཅིག་ནས་བཅོ་ལྔའི་བར་ལྷ་ལྡན་སྨོན་ལམ་ཆེན་མོར་གྲགས་པའི་ཆོ་འཕྲུལ་
མཆོད་པ་མཛད་ཅིང་།
དེའི་རྒྱུན་དེང་སང་གི་བར་དུ་ཡང་ ཟམ་མ་ཆད་པར་ཡོད་། འདི་དག་གི་སྐོར་རྒྱས་
པར་གཟིགས་འདོད་ན་མདོ་
འཛངས་བླུན། རིན་ཆེན་གཏེར་མཛོད། ལྕང་སྐྱ་ང་ག་དབང་ཆོས་ལྡན་གྱི་གསུང་
སོགས་ལ་བལྟ་བར་བྱའོ།
ཆོ་འབྲང་། ཨ་མའི་ཁྱིམ་རྒྱུད། མ་ཡི་ཕྱོགས་ཀྱི་གཉེན་གྱི་མིང་། ཞང་པོ། ཨ་ཞང་གི་པིང་པར། བསྟན་དར་ལྷ་
ར་མས་
པ་གསུང་།
ཆོ་རིགས། (1) ཕའི་ཁྱིམ་རྒྱུད། (2) རིགས་མཐོན་པོ། བསྟན་དར་ལྷ་ར་མས་པ་གསུང་།
ཆོ་རིགས་བཙུན་པ། རྒྱལ་རིགས་དང་བྲམ་ཟེའི་རིགས།
ཆོག (1) ཆོ་གའི་བསྡུས་མིང་སྟེ། དཔེར་ན། སྔོན་ཆོག། ད་ཆོག། སྒྲོལ་ཆོག་ཅེས་པ་ལྟ་བུ། (2) ལོང་བ་དང་། ལྡང་
བ།
(8) རུང་བ་དང་། འགྲིག་པ། (4) གཅོག་པའི་སྐུལ་ཚིག
ཆོལ་ཟངས། རྐང་པ་བཀྲུ་བའི་སྣོད་ཀྱི་མིང་།
ཆོས། རདྷཱརྨ» འཇིན་པ། ཆོས་ཀྱི་སྒྲ་དོན་བཅུ་ལ་འཇུག་པ་ནི། (4) ཤེས་བྱ། ཆོས་ཀྱི་སྒྲ་ཤེས་བྱ་ལ་འཇུག་པ་ནི་
མདོ་ལས། ཆོས་གང་ལ་ལ་འདུས་བྱས་སམ། འདུས་མ་བྱས་སམ། ཞེས་པ་ལ་སོགས་པ་ལྟ་བུའོ། (2)
ལམ། ལམ་ལ་འཇུག་པ་ནི། དབསློང་དག་ལོག་པའི་ལྟ་བ་ནི་ཆོས་མ་ཨིན་ལ་ཡང་དག་པའི་ལྟ་བ་ནི་ཆོས་
ཡིན་ནོ།
ཞེས་པ་ལྟ་བུ། (8) མང་འདས། དེ་ལ་འཇུག་པ་ནི། ཆོས་ལ་སྐྱབས་སུ་སོང་བ། ཞེས་པ་ལྟ་བུ།
(4) ཡིད་ཀྱི་ཡུལ། དེ་ལ་འཇུག་པ་ནི། ཆོས་ཀྱི་སྐྱེ་མཆེད། ཅེས་པ་ལྟ་བུ། (5) བསོད་ནམས། དེ་ལ་འཇུག་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*