www.dharmabook.ru tibetan OCR


92
རྣམ་འགྲེལ་གྱི་འགྱི་འགོར། སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་ཤེས་རབ་རྩལ་མེད་པས་ན་ལེགས་བཤད་
རྣམས།
དོན་དུ་མི་གཉེར་ཁོ་ནར་མ་ཟད་ཕྲག་དོག་དྲི་མ་དག་གིས་སྡང་བར་ཡང་། ཡོངས་གྱུར་དེས་ན་
བདག་ལ་འདི་ནི་གཞན་ལ་ཕན་པ་ཡིན་ཞེས་བསམ་པའང་མེད་།
སེམས་ནི་ཡུན་རིང་ལེགས་བཤད་
གོམས་པ་ལྷུར་ལེན་བསྐྱེད་ཕྱིར་འདི་ལ་དགའ་བ་
བསྐྱེད། ཅེས་པ་བཅུག་གོ་ཞེས་གྲག་གོ།
ཆོས་རྒྱལ་ནང་སྒྲུབ། ཆོས་རྒྱལ་ནང་སྒྲུབ་ནི་སྲིན་པོའི་གདོང་ཅ་ན་དེ་ལ་ཟར། འོ་ན་རྗེ་ཙོང་ཁ་པ་ཆེན་པོའི་ཆོས་
རྒྱལ་ནང་སྒྲུབ་ཀྱི་
བསྟོད་པ་བརྐྱང་ས་བསྐུམས་མར། གཏུམ་དྲག་མ་ཧེའི་ཞལ་ནི་རབ་ཏུ་གདང་ས་པས། ཞེས་
གསུངས་པ་གང་ཡིན་
སྙམ་ན། དེ་ནི་རྡོ་རྗེ་འཇིགས་བྱེད་ལ་གསུངས་པ་མཇུག་གི་ཚིག་རྐང་ལྷག་མ་ རྣམས་
ལ་བལྟས་ན་
ཤེས་སོ། བརྐྱངས་བསྐུམས་མའི་ཚིགས་བཅད་དང་པོ་དེའི་དོན་ནི། མ་ཧེའི་གདོང་ཅ་ན་གྱིརྡོ་
རྗེ་
འཇིགས་བྱེད་ཆེན་པོ་ལ་བསྟོད་ནས། དེ་ནས་གཤིན་རྗེ་ཆོས་རྒྱལ་ལ་བསྟོད་དོ་ཞེས་པའི་དོན་ཡིན།
ཆོས་རྒྱལ་ཕྱི་སྒྲུབ། མ་ཧེའི་མདོང་ཅ་ན་གྱི་ཆོས་རྒྱལ། ཀཱ་ལ་ར་པ་ཡང་ཟར། ཆོས་རྒྱལ་ནང་སྒྲུབ་ཀྱི་འཁོར་ལ་ཞི་
རྒྱས་ད་བང་དྲག་གི་གཤིན་རྗེ་བཞི་ཡོད་པའི། བྱང་གི་དྲ་ག་པོའི་གཤིན་རྗེ་དང་ཆོས་རྒྱལ་ཕྱི་སྒྲུབ་གཉིས་དོན་
གཅིག་ཅིང་།
དམལ་བའི་གནས་ཀྱི་དགེ་སྡིག་ཤན་འབྱེད་གཤིན་རྗེ་ཆོས་རྒྱལ་དང་དོན་གཅིག་ཡིན་པར་
གཅུག་ཏོར་རྣམ་རྒྱལ་མ་ལ་བཤད་ཅི་ང་། རྒྱལ་བ་ཐམས་ཅད་མཁྱེན་པ་བསྐལ་བཟང་རྒྱ་མཚོའི་གསུང་ལས་
ཕྱོགས་སྐྱོང་
བཅོ་ལྔའི་ནང་གི་ལྷོ་ཕྱོགས་གཤིན་རྗེ་དང་། ཆོས་རྒྱལ་ཕྱི་སྒྲུབ་གཉིས་དོན་གཅིག་ཡིན་གསུངས་
པའང་ཐོས།
ཞེས་ཀློང་རྡོལ་བླ་མ་གསུང་།
ཆོས་རྒྱལ་གསང་སྒྲུབ། ཆོས་རྒྱལ་གསང་སྒྲུབ་ནོར་ལྷ་དབང་སྡུད་ཅེས་བྱ་བ། ཆོས་རྒྱལ་ནང་སྒྲུབ་ཀྱི་འཁོར་ལ་ཞི་
རྒྱས་དབང་དྲག་གི་གཤིན་རྗེ་བཞི་ཡོད་པའི། ནུབ་ཀྱི་ད་བང་གི་གཤིན་རྗེ་དང་དོན་གཅིག་ཡིན་པར་ཀློང་རྡོལ་
བླ་མ་
གསུང་།
ཆོས་སྒྲ་ཆེན་པོ་ལན་གསུམ། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཆོས་སྒྲ་ཆེན་པོ་ལན་གསུམ་དུ་བསྒྲགས་པར་བཤད་པའི་
དང་པོ་ནི།
དགེ་སློང་བདེ་བྱེད་ལ་སོགས་པའི་ཉན་ཐོས་སྡེ་པ་ཁ་ཅིག་ཚར་བཅད་པ་དང་། ཆོས་སྒྲ་གཉིས་པ་
ནི་དབུ་མ་རིགས་ཚོགས་དྲུག་ལ་སོགས་པའི་ཟབ་མོ་སྟོང་
ཉིད་སྟོན་པའི་བསྟན་བཅོས་བརྩམས་པ་དང་།
ཆོས་སྒྲ་གསུམ་པ་ནི་རྔ་བོ་ཆེ་ལ་སོགས་པའི་མདོ་ལ་བརྟེན་ནས་བདེར་གཤེགས་སྙིང་པོ་ཁམས་ཆོས་
དབྱིང་ས་རྟག་པ་སེམས་ཅན་ཐམས་ཅད་ལ་ཁྱབ་པར་སྟོན་པའི་ཆོས་དབྱིངས་བསྟོད་པ་སོགས་བརྩམས་པ་


*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*