www.dharmabook.ru tibetan OCR


194
དང་། བདེ་དང་མི་བདེ་སྙན་དང་མི་སྙན་དང་། བསྟོད་སྨད་ཅེས་བགྱི་འཇིག་རྟེན་ཆོས་བརྒྱད་པོ། བདག་
བི་
ཡིད་ཡུལ་མིན་པར་མགོ་སྙོམས་མཛོད། ཅེས་གསུང་ས་པ་ལྟར་རོ།
ཆོས་བརྒྱད་རོ་སྙོམས། ཆོས་བརྒྱད་མགོ་སྙོམས་དང་དོན་འདྲ།
ཆོས་མངོན་པ། ཟག་མེད་ཀྱི་ཤེས་རབ་རྗེས་འབྲང་དང་བཅ་ས་པ་ལ་དོན་དམ་པའི་ཆོས་མངོན་པ་ཟེར་ལ། དེ་
བརྗོད་བྱར་བྱེད་པའི་
བསྟན་བཅོས་ལ་བརྡར་བཏགས་པའི་ཆོས་མངོན་པ་ཟེར་ར་རོ། སྒྲ་བཤད་ནི། རང་གི་
མཚན་ཉིད་འཛིན་པས་ན་ཆོས་དང་།
དོན་ད་མ་པའི་ཆོས་མྱ་ང་ན་ལས་འདས་པ་མངོན་དུ་བྱེད་པའམ་
མངོན་དུ་ཕྱོགས་པས་ན་མངོན་པ་ཞེས་བྱའོ།

ཆོས་ཅན་བརྗོད་པའི་སྒྲ། ཁྱད་གཞི་བརྗོད་པའི་ངག། ཁྱད་པར་གཞན་མི་སྤོང་བའི་སྒྲ། ད་པེར་ན་སྒྲའི་མི་རྟག་ཅེས་
པའི་ངག་ལ
་བུ། སྒྲའི་མི་རྟག་ཅེས་པརྗོད་པ་ན། མི་རྟག་པ་ཁྱད་གཞི་དང་། སྒྲ་ཁྱད་ཆོས་སུ་གོ་བར་བྱེད་
ཆོས་ཅན་མཐན་སྣང་བ། ཕྱི་རྒོལ་དངོས་སྨྲ་བ་དང་སྔ་རྒོལ་དབུ་མ་པ་གཉིས་ཀའི་ཞེ་འདོད་ཀྱིས་བཞག་པའི་ཆོས་
ཅ་ན་
ཞིག་མཐུན་སྣང་ངམ་མཐུན་གྲུབ་ཏུ་འཇོག་རྒྱུ་ཡོད་ན་དེ་ལ་ཆོས་ཅན་མཐུན་སྣང་བ་ཟེར་ཏེ། ལྷག་མཐོང་
ཆེན་མོ་ལས།
མཐུན་སྣང་དུ་གྲུབ་པའི་དོན་ཡང་། ཕྱི་རྒོལ་ལ་ཚད་མ་ཅི་འདྲ་བ་ཞིག་གིས་གྲུབ་པའི་ཆད་མ་
དེ་འདྲ་བ་ཞིག་གིས་སྔ་རྒོལ་ལའང་གྲུབ་པའོ།
ཞེས་གསུངས་པ་ལྟར་རོ།
ཆོས་འཆད་དང་མཉམ་བཞག་གི་ཕྱག་རྒྱའི་མཚོན་དོན། ཕྱག་གཡས་ཆོས་འཆད་ཀྱིས་གདུལ་བྱ་ཐོས་པ་ལ་
བསྐུལ་བ་དང་།
ཆོས་སྟོན་པས་རྨོངས་པ་འཇོམས་པ་མཚོན། གཡོན་མཉམ་བཞག་ནི་ཐོས་དོན་སྒྲུབ་པ་ལ་
བསྐུལ་བའི་
བརྡ་ཡིན། ཡང་ན་མཉམ་གཞག་དང་ཆོས་འཆད་ཀྱིས་ཆོས་ཉིད་ལ་མཉམ་པར་བཞག་བཞིན་དུ་
ཆོས་སྟོན་པ་
མཚོན་ཞིང་དེ་ནི་སངས་རྒྱས་ཀྱི་ཁྱད་ཆོས་ཡིན་པས་སངས་རྒྱས་ཡིན་པ་མཚོན།
ཆོས་འཆད་ཀྱི་ཕྱག་རྒྱ་དང་ཆེ་བུམ་གྱི་མཚོན་དོན། ཆོས་འཆད་ཀྱིས་གདུལ་བྱ་ཐོས་པ་ལ་བསྐུལ་བ་ད་ང་།
ཆོས་སྟོན་པས་རྨོངས་པ་འཇོམས་པ་མཚོན། ཆེ་བུམ་གྱིས་འཆི་མེད་བདུད་རྩིས་འཆི་བདག་འཇོམས་པ་
མཚོན།
ཆོས་རྗ། ཆོས་ཀྱི་རྗེའི་བསྡུས་ཚིག་
ཆོས་
རྗེ་རྣམ་གསུམ། རྗེ་བཅུན་རེད་མདའ་བ། རྗེ་ཙོང་ཁ་པ་ཆེན་པོ། ལོ་ཆེན་སྐྱབས་མཆོག་དཔལ་དང་གསུམ།
ཆོས་བརྗོད་ཀྱི་སྒྲ། ཆོས་བརྗོད་པའི་སྒྲ་ད་ང་དོན་གཅིག། ཆོས་བརྔོད་པའི་སྒྲ་ལ་གཟིགཟིགས།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*