www.dharmabook.ru tibetan OCR


95
ཆོས་བརྗོད་པའི་སྒྲ། ཁྱད་ཆོས་བརྗོད་པའི་ངག། འདི་ལ་ཁྱད་པར་གཞན་སྤོང་གི་སྒྲ་ཟེར། དཔེར་ན་མེ་ཏོག་ད་ཀར་
པོ་ཞེས་བརྗོད་པའི་ཆེ། མེ་ཏོག་དེ་ཁྱད་གཞི་དང་། དཀར་པོ་ཁྱད་ཆོས་སུ་གོ་བར་བྱེད་པ་ལྟ་བུ། དེ་ཁྱད་པར་
གཞན་སྤོང་གི་སྒྲ་ཡིན་ཚུལ་ནི། དཔེར་ན་མི་ཞིག་གིས་དཀར་པོ་ཞེས་བརྗོད་པ་ན། ཁྱད་གཞི་གང་གི་ད་ཀར་པོ་
ཡིན་སྙམ་དུ་ཐེ་ཚོམ་དུ་གྱུར་པ་ན། མེ་ཏོག་གི་དཀར་པོ་ཞེས་བརྗོད་ན། དཀར་པོ་དེ་ཁྱད་གཞི་གཞན་གྱི་ཡིན་
(
9) པ་སྤངས་ན་མེ་ཏོག་གི་ཡིན་པར་བདེ་བླག་ཏུ་གོ་ཐུབ་པས་ན་ཁྱད་པར་གཞན་སྤོང་གི་སྒྲ་ཞེས་བརྗོད།
ཆོས་ཉིད། (4) སྟོང་ཉིད། སྒྲ་བཤད་ནི། ཆོས་དེའི་སྡོད་ལུགས་ཁོ་ན་ཡིན་པས་ཆོས་ཉིད། (2) མཆན་ཉིད། རང་
བཞིན།
དཔེར་ན། མི་བརྗེད་པའི་མཚན་ཉིད་དམ་རང་བཞིན་ལ། བསྙེལ་བ་མི་མང་འ་བའི་ཆོས་ཉིད།
ཅེས་པ་ལྟ་བུ། རྗེའི་ལམ་རིམ་ལས། ཆོས་ཉིད་ཀྱིས་ལུས་ལྷོད་པར་མི་འགྱུར་བ་དང་། གཉིད་ལོག་ནའང་
དྲན་པ་མི་
བརྗེད་པ་དང་། གཉིད་སྟུག་པོར་མི་འགྱུར་བ་དང་ རྨི་ལམ་སྡིག་པའམ་ངན་པ་མི་རྨི་བ་ཡིན་གྱི།
ཞེས་གསུངས་པ་ལྟ་བུ།
ཆོས་ཉིད་ཀྱི་རིགས་པ། མི་ཚ་བ་དང་ཆུ་རླན་པ་སོགས་ལ་དེ་ད་ག་གི་ཆོས་ཉིད་དུ་འཇིག་རྟེན་ན་གྲགས་པའི་ཆོས་
ཉིད་དང་།
བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་དང་། གནས་པའི་ཆོས་ཉིད་ལ་མོས་པར་བྱེད་ཅིང་། དེ་
ལྟར་ཡིན་པའི་རྒྱུ་མཚན་གཞན་སེམས་པར་མི་བྱེད་དེ།
དེ་ལྟར་ཚོལ་བའོ། ཞེས་ལམ་རིམ་ཆེན་མོ་ན་
གསལ་བ་ལྟར་ར་རོ།

ཆོས་ཉིད་ཀྱི་སེམས། བཀའ་བརྒྱུད སེམས་ཀྱི་ཆོས་ཉིད་ད་ང་དོན་འདྲ།
ཆོས་ཐམས་ཅད་སྟོང་ཉིད་ཀྱི་རྣམ་འགྱུར་ཡིན་པའི་དོན། རང་བཞིན་གྱིས་གྲུབ་པའི་སྟོང་ཙམ་དེ་ཉིད་གཟུགས་
སོགས་ཀྱི་ཆོས་ཅ་ན་
སྣ་ཚོགས་སུ་ཤར་བ་ལ། སྟོང་ཉིད་ཀྱི་རྣམ་འགྱུར་ཞེས་བྱ་སྟེ། རྗེའི་རིམ་ལྔ་གསལ་སྒྲོན་
ལས།
ཐམས་ཅད་གདོད་མ་ནས་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པའི་རང་བཞིན་རྣམ་ད་ག་གི་བདག་
ཉིད་དུ་གཏན་ལ་ཕབ་པ་ན། རང་བཞིན་མིད་པའི་སྟོང་ཉིད་དེ་ཉིད་ཆོས་ཅན་དེ་རྣམས་སུ་ཤར་བར་ངེས་ཏེ།
དེ་ནི་ཆོས་རྣམས་སྟོང་ཉིད་ཀྱི་རྣམ་འགྱུར་ཡིན་པའི་དོན་ནོ། ཞེས་གསུངས་པ་ལྟར་རོ།
ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པ། སློབ་པའི་གནས་སྐབས་སུ།
ཆོས་ཉིད་དང་ཆོས་ཅན་གཉིས་གཅིག་སྣང་ན་གཅིག་མི་སྣང་བའི་རྣམ་པ་རེས་འཇོག་པ་ཡིན་ལ། སངས་
རྒྱས་པ་ན་དེ་ལྟ
ར་མིན་པར། བདེན་གཉིས་ཀྱི་རྣམ་པ་ཐམས་ཅད་མངོན་སུམ་དུ་མ་ལུས་པར་ཁོང་དུ་ཆུད་
པའི་ཕྱིར་
དེ་སྐད་ཅེས་བྱ།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*