www.dharmabook.ru tibetan OCR


197
ཆོས་སྤྱོད་རབ་གསལ། འགོ་སྐྱབས་འགྲོ་ཁྲུས་གསོལ་ནས་མཇུག་བསྔོ་སྨོན་ཤིས་བརྗོད་བར་གྱི་འདོན་ཆོག་ཆ་ཆང་
བ་ལ་ཟེར།
ཆོས་དབྱིང་ སྟོང་པ་ཉིད་ཀྱི་མིང་སྟེ། སྒྲ་བཤད་ནི། སྣོད་བཅུད་ཀྱི་ཆོས་ཀུན་གྱི་དབྱིངས་སམ་ཁམས་ཏེ། རྩ་བ་
མཐར་ཐུག་པ་
ཡིན་པས་དེ་སྐད་ཅེས་བྱ་སྟེ། རྗེའི་འགྲེལ་པ་བཞི་བྲགས་ལས། ཅྭཱརྣ་ནི་ཆོས་ཏེ། སྔར་བཤད་པ་
སྦྱི་དང་
སྣོད་བཅུད་ཀྱི་ཆོས་ཀུན་གྱི་ཅྭཱ་ཏུ་ནི་དབྱིངས་སམ་ཁམས་ཏེ། མཐར་གཏུགས་པའི་རྩ་བའོ། ཞེས་གསུངས། ཡང་ན།
ཐེག་པ་གསུམ་གྱི་གང་ཟག་གི་ཐུགས་རྒྱུད་ཀྱི་རྟོགས་པའི་ཡོན་ཏན་གྱི་ཆོས་རྣམས་ཀྱི་དཔྱིང་ས་ཏེ་རྒྱུ་ཡིན་པས་
ན་ཆོས་ད་བྱིང་ས་ཞེས་བྱའོ། བརྒྱད་སྟོང་པའི་དཀའ་འགྲེལ་སྙིང་པོ་མཆོག་དང་། རྗེ་བུང་ཐང་པའི་གསུང་
སྩོ
གཉིས་ཀ་ན་གསལ།
ཆོས་དབྱིངས་བསྟོད་པ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛ་ད། ནག་ཚོའི་འགྱུར།
ཆོས་དབྱིང་ས་རྣམ་འབྱད། ཆོས་དང་ཆོས་ཉིད་རྣམ་འབྱེད་དང་འདྲ་།
ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག། རྟགས་དེ་མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་མི་མཐུན་དཔེ་དང་སྦྱོར་ཞིང་
དངོས་སུ་སྟོན་པའི་ངག་གོ།
དཔེར་ན། རྟག་ན་མ་བྱས་པས་ཁྱབ། དཔེར་ན་ནམ་མཁའ་བཞིན། སྒྲ་ནི་བྱས།
ཞེས་པ་ལྟ་བུའོ།
ཆོས་འབྱུང་གི་མཚོན་དོན། ཕྱི་དཀར་བ་དེས་བདེ་བ་ཆེན་པོ་མཚོན། ནང་དམར་བ་དེས་སྟོང་པ་ཉིད། ཆོས་
འབྱུང་གི་
གདེངས་ཀ་ཆེ་བ་གྱེན་དུ་ཕྱོགས་པ་དས། མོས་སྤྱོད་ཀྱི་ས་ནས་བཟུང་སངས་རྒྱས་སའི་བར་གྱི་
ཡོན་ཏན་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ། ཆོས་འབྱུང་གི་རྩེ་མོ་ཕྲ་བ་ཐུར་དུ་ཟུག་པ་དེས་ལས་དང་
པོ་བའི་སྐབས་ཀྱི་ཡོན་ཏན་རྒྱ་ཆུང་བ། ཆོས་འབྱུང་ཟུར་གསུམ་དེས་སྐུ་གསུང་ཐུགས་གསུམ་མམ་རྣམ་
ཐར་
སྒོ་གསུམ། ཆོས་འབྱུང་བྷ་གའི་རྣམ་པའམ་ཤེས་རབ་མའི་སྐྱེ་གནས་ཀྱི་རྣམ་པར་ཡོད་པ་དེས་བདེ་
བ་
ཆེན་པོའི་ཡེ་ཤེས་། ཆོས་འབྱུང་གི་ནང་དུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོང་ས་རྫོགས་ཚུད་པ་
དེས་
རྟེན་དང་དཀྱིལ་འཁོར་སོགས་བདེ་སྟོང་ད་བྱེར་མེད་ཀྱི་ཡེ་ཤེས་ཀྱི་རྣམ་རོལ་ལས་མ་འདས་པ་དང་།
ལམ་འབྲས་ཀྱི་ཡོན་ཏན་ཐམས་ཅ་ད་བདེ་སྟོང་དབྱེར་མེད་བསྒོམ་པ་ལས་འབྱུང་བ་ཤེས་པ་མཚོན། སྒྲ་
བཤད་ནི།
རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅ་ད་ཀྱི་འབྱུང་གནས་སུ་གྱུར་པས་ན་ཆོས་འབྱུང་
ཞེས་བྱའོ།

ཆོས་སྦྱིན། ཆོས་ཀྱི་སྦྱིན་པ་སྟེ་གཞན་ལ་ཆོས་འཆད་པ།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*