www.dharmabook.ru tibetan OCR


99
མཆེད་པ་དམར་ལམ་པ། སྣང་བ་མཆེད་པ་དང་དོན་འདྲ། སྣང་བ་མཆེད་པ་ལ་གཟིགས།
མཆོག
(4) རབ། ཕུལ་དུ་བྱུང་བ། (8) ཆེན་པོ། དེ་ལ་འཇུག་པ་ནི། ཐེག་པ་ཆེན་པོ་ལ་ཐེག་པ་མཆོག་ཅེས་པ་ལྟ་བུ།
མཆོག་གི་སྤྲུལ་སྐུ། སྐུ་མཆན་དཔེ་གསལ་རྫོགས་ཀྱིས་སྤྲས་པ་དང་། གསུང་གདུལ་བྱ་རིགས་ཅ་ན་གསུམ་ཀར་ཆོས་
འཁོར་རྫོགས་པར་བསྐོར་
མཛད་པ་འཕྲིན་ལས་ཀྱང་མཛད་པ་བཅུ་གཉིས་ཀྱི་ཚུལ་རྫོགས་པར་སྟོན་པས་
མཆོག་གི་སྤྲུལ་སྲུ་ཞེས་བྱ། སྒྲ་བཤད་ནི། སྤྲུལ་སླུ་ཐམས་ཅ་ད་ཀྱི་ནང་ནས་མཆོག་ཡིན་པས་དེ་སྐད་ཅེས་བྱ།
སྤྲུལ་སྐུ་གཞན་ལས་མཆོག་ཡིན་ཚུལ་ནི་སྲུ་དང་གསུང་མཛད་པ་བཅ་ས་ཀྱི་སྒོ་ནས་ཡིན།
མཆོག་ཏུ། (4) ཡུལ་མཆོག་ལ། (2) ཤིན་ཏུ། ཆེས། ད་པེར་ན་ཤིན་ཏུ་རྟོགས་ད་ཀའ་བ་ལ། མཆོག་ཏུ་རྟོགས་
ད་ཀའ་བ།
ཞེས་པ་དང་། ཤིན་ཏུ་དགའ་བ་ལ། མཆོག་ཏུ་དགའ་བ། ཞེས་པ་ལྟ་བུ།
མཆོག་དང་ཐུན་མོང་གི་དངོས་གྲུབ། མཆོག་གི་དངོས་གྲུབ་ནི། སང་ས་རྒྱས་ཀྱི་གོ་འཕང་ང་ངོ་། ཐུན་མོང་གི་
ད་ངོས་གྲུབ་བརྒྱད་ནི།
མཁའ་སྤྱོད་རལ་གྲི་རི་ལུ་དང་། རྐང་མགྱོགས་བུམ་པ་གནོད་སྦྱིན་ཁོལ། བཅུད་
ལེན་ད་ང་
ནི་མིག་སྨན་ན་ནོ། མཁའ་སྤྱོད་ནི། མ་འཆི་བར་ནམ་མཁའ་ལ་གནས་ནུས་པའོ། རལ་གྲི་
ནི།
དེ་དགྲའི་དབུང་དུ་མ་འཇོམས་ནུས་པའོ། སྨན་འགའ་ཞིག་བསྒྲུབས་པ་དེ་ལག་ཏུ་ཐོགས་པས་ལུས་
མི་སྣང་བའོ།
རྐང་མགྱོགས་ནི། མཆིལ་ལྷམ་གྲུབ་སྟེ་གྱོན་པས་ཡུད་ཙ་མ་ལ་རྒྱ་མཚོའི་མཐའ་འཁོར་
བའོ།
བུམ་པ་ནི། དེའི་ནང་དུ་ཟས་ནོར་གོས་ལ་སོགས་པ་ཡོ་བྱད་ཟད་མི་ཤེས་པ་འབྱུང་ང་ངོ་།
གནོད་སྦྱིན་ཁོལ་པོ་ནི། ངེས་བྲན་བྱེད་པས་ཅི་བསྒོ་བ་སྒྲུབ་ཅིང་། མི་འབུམ་ཕྲག་གི་བསྒྲུབ་དགོས་པའི་བྱ་བ་
ཉིན་གཅིག་ལ་འགྲུབ་པའོ། བཅུད་ལེན་ནི། ཚེ་ཉི་ཟླ་དང་མཉམ། སྟོབས་གླང་པོ་དང་མཉམ། མདངས་
པད་
དང་མཉམ། ལྡང་བ་ཤིང་བལ་ལས་ཡང་བའོ། མིག་སྨན་ནི། མིག་ལ་བྱུག་པས་ས་འོག་གི་གཏེར་
ལ་སོགས་པ་མཐོང་བའོ།

མཆོག་གསུམ་ཀུན་འདུས། རྙང་མ བླ་མ། དེ་མཆོག་གསུམ་མམ་སྐྱབས་གསུམ་ཀུན་འདུས་ཀྱི་ངོ་བོ་ཡིན་ཚུལ་
ནི།
བླ་མའི་སྐུ་དབེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཡིན་པའི་ཚུལ་གྱིས་སོ། ཞེས་རིག་
འཛིན་
འདུས་པའི་ཟིན་བྲིས་རིག་འཛིན་ཞལ་ལུང་ལ་གཞི་བྱས་ཏེ་བཀོད།
མཆོད་བརྗོད་དང་བརྩམ་པར་དམ་བཅ་འ། མཆོད་བརྗོད་ནི། བསྟན་བཅོས་རྩོམ་པའི་ཐོག་མར་སང་ས་རྒྱས་
སོགས་རང་གི་ལྷག་པའི་ལྷ་ལ་གུས་པས་བསྟོད་པའོ། བརྩམ་པར་ད་མ་བཅ་འ་ནི། བསྟན་བཅོས་བརྩམ་པར་
དམ་བཅ་འ་བའམ་ཁས་ལེན་པའོ། བསྟན་བཅོས་ཚད་ལྡན་ཡིན་ཆད་ལ། མཆོད་བརྗོད་དང་བརྩམ་པར་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*