www.dharmabook.ru tibetan OCR


འཆང་བ (4) གཟུང་བའམ་འཇིན་པ། རྡོ་རྗེ་འཆང་ཞེས་པ་ལྟ་བུ། (8) སེམས་ལ་འཇོག་པ། སྙིང་ལ་འཆང་། (8)
གྱོན་པ། ངུར་སྨྲིག་གོས་འཆང་ཞེས་པ་ལྟ་བུ།
འཆ་ད་དེ་སྐད། མ་རང་ས་པའམ་ཟུར་ཟ་བའི་ཚིག་སྟེ། ཕལ་སྐད་དུ། ཁོས་སྐད་ཆ་དེ་འདྲ་ཤོད་ཀ་བྱེད་ཀྱི་ཟེར་བ་
དང་འདྲ་། འཆད་དེ་སྐད་ཅེས་པ་མ་རངས་པའི་ཚིག་ཨིན་པར། ཇེའི་རིམ་ལྔ་གསལ་སྒྲོན་ན་གསལ།
འཆབ་པ། ཉེ་ཉོན་ཉི་ཤུའི་གསུམ་པ་ནི། གཏི་མུག་གི་ཆར་གཏོགས་གང་ཞིག གཞན་གྱིས་ཕན་པར་འདོད་པའི་
བསམ་པ་འགྲོ་བ་བཞི་པོ་གང་རུང་གི་སྒོ་ནས་མ་ཡིན་པར་ཉེས་པ་གླེང་ས་པ་ན། ཁ་ན་མ་ཐོ་བ་འཁྱུད་པར་
འདོད་པས་རབ་ཏུ་ཕྱེ་བའི་རིག་པའོ། བྱེད་ལས་ནི། དངོས་སུ་འགྱོད་པ་དང་བརྒྱུད་ནས་ལུས་སེམས་བདེ་
བ་ལ་རེག་པར་མི་གནས་པར་བྱེད་པའོ། འགྲོ་བ་བཞི་ནི། འདུན་པ་སྟེ་འདོད་ཆགས་ཀྱིས་འགྲོ་བ། ཞེ་སྡང་
སྟེ་འཁོན་འཇིན་གྱིས་འགྲོ་བ། གཏི་མུག་སྟེ་མི་ཤེས་པས་འགྲོ་བ། འཇིགས་པ་སྟེ་སྒྲག་པ་སྟོན་པས་འགྲོ་བ་
དང་བཞིའོ། སྒྲ་བཤད་ནི། འགྲོ་བ་ཞེས་པ་འདའ་བའི་དོན་ཡིན། ཡང་འགའ་ཞིག་བིས་འགྲོ་བ་ཞེས་པ་
བརྗོད་པ་འམ་སྨྲ་བའི་དོན་ཡིན་པར་ཡང་བཤད།
འཆ་ལ་བའི་ཤེས་རབ། ཤེས་རབ་འཆལ་བ་དང་དོན་འདྲ། ཤེས་རབ་འཆལ་བ་ལ་གཟིགས།
འཆི་དུས་ཀྱི་འབྱུང་བ་ཐིམ་རིམ་དང་དེ་དག་གི་ཕྱི་ནང་གི་རྟགས། ཐ་མལ་པ་འཆི་བའི་ཆེ། ས་ཆུ་ལ་ཐིམ།
ཆུ་མེ་ལ། མེ་རླུང་ལ། རླུང་རྣམ་ཤེས་ལ། རྣམ་ཤེས་སྣང་བ་ལ། སྣང་བ་མཆེད་པ་ལ། མཆེད་པ་ཉེར་
ཐོབ། ཉེར་ཐོབ་འོད་གསལ་ལ་ཐིམ་པ་ད་ང་བརྒྱད་དང་དེའི་ཕྱི་ནང་གི་རྟགས་རྣམས་ནི། ས་ཆུ་ལ་ཐིམ་
པའི་ཕྱི་རྟགས་སུ་ལུས་ཀྱི་སྟོབས་ཤོར། ཡན་ལག་ཕྲ་རུ་འགྲོ། ལུས་ས་འོག་ཏུ་པྱིང་བ་ལྟ་བུའི་སྣང་བ་འབྱུང་།
ནང་རྟགས་སུ་ཡིད་ངོར་སྨིག་སྒུ་ལྟ་བུའི་སྣང་བ་འབྱུང་། སྨིག་སྐྱུ་ཞེས་པ་ནི་བྱེ་ཆན་ལ་ཉི་འོད་ཀྱི་ཕོག་པ་ན་ཆུ་
བོ་ཆེན་པོའི་སྣང་བ་འབྱུང་བ་དེ་ལ་ཟེར། ཆུ་མེ་ལ་ཐིམ་པའི་ཕྱི་རྟགས་སུ་ཁ་སྣ་སྐམ་ཞིང་བརྫེས། ནང་
རྟགས་དུ་བ་
དྲག་འཕྱུར་བ་མ་ཡིན་པར་གྲོང་ཁྱེར་ཆེན་པོའི་སྟེང་དུ་དུད་ཞགས་འཁྱིལ་བའམ། ཁང་པའི་ནང་
དུ་
དུ་བ་འཁྲིགས་པའི་རགས་པ་ཡལ་ཏེ་དུ་བ་སྲབ་མོས་ཁྱབ་པ་འདྲ་བའི་སྣང་བ་འབྱུང་། མེ་རླུང་ལ་
ཐིམ་པའི་
ཕྱི་རྟགས་སུ་ལུས་ཀྱི་དྲོད་མཐའ་ནས་འདུས་པས་ལུས་གྲང་། ནང་རྟགས་སྲིན་བུ་མེ་ཁྱེར་གྱི་
ད་པག་ཏུ་མེད་པ་
མཉམ་དུ་ཚོགས་པའམ། ཡོས་སྔོད་སའི་སླ་ང་འི་རྒྱབ་ཀྱི་མེ་སྟག་དམར་ཚིག་ཚིག་དཔག་ཏུ་
མེད་པ་
འཐོར་བ་ལྟ་བུའི་སྣང་བ་འབྱུང་། རླུང་རྣམ་ཤེས་ལ་ཐིམ་པའི་དུས་སུ་ཕྱི་རྟགས་སུ་དབུགས་ཕྱི་
ནང་དུ་རྒྱུ་བ་ཆད།
ནང་རྟགས་སུ་རླུང་གིས་མ་གཡོས་པའམ་རླུང་མེད་པའི་མར་མེ་འབར་བ་ལྟ་བུའི་སྣང་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*