www.dharmabook.ru tibetan OCR


209
འཆེལ་བ། (4) ཞེན་པའམ་ཆགས་པ། ད་པེར་ན། ཚིག་ཙ་མ་ལ་འཆེལ་བ། ཞེས་པ་ལྟ་བུ། (8) བསྟེན་པ། གབ་
པ་ད་ང་ཡིབ་པ། དཔེར་ན། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཆན་གྱི་རང་རྣམ་ལས། དམ་པའི་སྙིང་ལ་
འཇིགས་པ་སྦྱིན་བྱེད་པ། དུག་གསུམ་ཆང་གིས་རབ་ཏུ་མོས་པ་ཡིས། ཟློས་གར་མངོན་པར་བསྐྱུར་ཀྱང་
ཚུལ་བསྟན་ཞས། ཡོལ་བའི་ཕག་ཏུ་འཆེལ་ལའང་བདག་མི་དད་། ཅེས་པ་ལྟ་བུའོ།
ཇ་ཏོར། རས་ལས་བྱས་པའི་སྦྲ་གུར།
ཇ་ནས་འདྲ་མ། དགེ་འདུན་དང་སྐུ་མགྲོན་སོགས་ལ་གསོལ་ཇ་ཞུ་ཚུལ་ཞིག་སྟ། ཐོག་མཐའ་གཉིས་ཕྲ་ཞིང་དཀྱིལ་
སྦོམ་པ་ནས་འབྲུའི་རྣམ་པ་ལྟར་འབུལ་བའི་དོན། དཔེར་ན་ཇ་ནས་འདྲ་མ་ཞུ་དགོས་ལྟ་བུ།
ཇི་ལྟར་ཁྱད་ཞུགས་ཀྱང་། ཇི་ལྟར་ལེགས་ཀྱང་། ཕལ་སྐད་དུ། ག་ཚོད་ཡག་ནའང་ཞེས་པ་དང་འདྲ།
ཇི་ལྟར་རྒྱ་མཚོ་ཆེ་ནང་ཆུ་ཐིགས་ལྷུང་། མདོ་ལས། ཇི་ལྟར་རྒྱ་མཚོ་ཆེ་ནང་ཆུ་ཐིགས་ལྷུང་། རྒྱ་མཚོ་མ་ཟད་
བར་དུ་དེ་མི་འཛད།
དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། བྱང་ཆུབ་མ་ཐོབ་བར་དུ་དེ་མི་
འཛད།
ཅེས་པའི་ལུང་འདི་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་འབྱུང་བར་གྲགས་ཆེའང་། བོད་དུ་
འགྱུར་བའི་མདོ་
དེར་མི་སྣང་ལ། བློ་གྲོས་མི་ཟད་པའི་མདོར་དོན་དེ་ཇི་ལྟ་བ་ཚིག་ལྷུག་ཏུ་འབྱུང་བས་བརྟག་
ད་གོས། ཞེས་རྗེ་གུང་ཐང་པའི་བསྟན་འབར་མའི་ཊིཀྐར་གསལ།
ཇི་ལྟར་ནད་པ་ནད་པ་ལ། ལང་གཤེགས་ཀྱི་ལུང་། རྗེའི་ལེགས་བཤད་སྙིང་པོར་དྲང་ས་པ་ལས། ཇི་ལྟར་ནད་པ་
ནད་པ་ལ།
སྨན་པས་སྨན་རྣམས་གཏོང་བ་ལྟར། སངས་རྒྱས་དེ་བཞིན་སེམས་ཅན་ལ། སེམས་ཙ་མ་དུ་
ཡང་རབ་ཏུ་
གསུངས། ཞེས་ནད་པ་ནད་པ་ཞེས་སྔ་ཕྱི་གཉིས་འབྱུང་བ་ནི། ནད་པ་ཐ་དད་པའམ་སོ་སོ།
ཞས་པའི་དོན་ཏེ། ནད་པ་ཞེས་པའི་ཚིག་སྔ་མས་མཁྲིས་ནད་ཀྱིས་ན་བའི་ནད་པ་ལྟ་བུ་དང་། ནད་པ་ཞེས་
འི་ཚིག་ཕྱི་མས་རླུང་ནད་ཀྱིས་མནར་བའི་ནད་པ་ལྟ་བུའི་ནད་པ་སོ་སོ་ལ་སྨན་པས་སྨན་སྟེར་བ་ནི། སྨན་
པའི་རང་དབང་གིས་མ་ཡིན་
པར་ནད་པའི་ནད་ཀྱི་ཚུལ་དང་བསྟུན་དགོས་པ་དེ་བཞིན་དུ། ཞེས་བྱ་བ་ལ་
སོགས་པའི་དོན་ན་ནོ།
དཔེ་ཁ་ཅིག་ཏུ། ཇི་ལྟར་ནད་པ་ན་བ་ལ། ཞེས་འབྱུང་བ་ནི་བརྗོད་བདེ་བ་ལྟར་སྣང་
ཡ་ང་གོང་དུ་
བཤད་པ་ཉིད་དཔེ་དག་པར་སེམས་སོ།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*