www.dharmabook.ru tibetan OCR


216
འཇིག་རྟེན་པའི་ཤེས་པར་གྲགས་པ། (4) འཇིག་རྟེན་པ་སྟེ་ཐ་སྙད་པའི་ཤེས་པའི་ངོར་ཡོད་པའི་ཆོས་རྣམས་ལ་
ཟེར།
དེ་ལ་ཐ་སྙད་པའི་ཤེས་པར་གྲགས་པ་ཞེས་ཀྱང་བྱའོ། (2) ཡང་གྲུབ་མཐའ་ལ་མ་སྤྱངས་པའི་འཇིག་
རྟེན་རྒན་པོའི་
བློས་འཇོག་ནུས་པའི་ཆོས་ལ་ཡང་འཇིག་རྟེན་པའི་ཤེས་པར་གྲགས་པ་ཟེར།
འཇིག་རྟེན་ཕལ་པའི་རིརིག བྱ་རྒྱུད་རིགས་དྲུག་གི་ནང་གསེས། མཆན་གཞི་ནི། ཚང་ས་པ། ད་བང་པོ། ཁྱབ་
འཇུག།
མཁའ་ལྡིང་། ཉི་ཟླ་སོགས་ས་སོ།
འཇིག་རྟེན་ལས་འདས་པར་བསྟོད་པ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད། ནག་ཚོའི་འགྱུར།
འཇིག་རྟེན་གསུམ་མགོན། འཕགས་པ་སྤྱན་རས་གཟིགས་ཀྱི་མཚན་གྱི་རྣམ་གྲངས་ཤིག ས་འོག་ཀླུའི་འཇིག་རྟེན།
ས་སྟེང་མིའི་འཇིག་རྟེན། ས་བླ་ལྷའི་འཇིག་རྟེན་ཏེ། འཇིག་རྟེན་གསུམ་གྱི་མགོན་སྐྱབས་ཡིན་པས་ཡིན་པས་
དེ་སྐད་ཅེས་བྱ།

འཇིག་ལྟ། འཇིག་ཚོགས་ལ་ལྟ་བ་དང་དོན་གཅིག
འཇིག་པའི་ཆོས་ཅན། འཇིག་པའི་རང་བཞིན།
འཇིག་པའི་ཆོས་ཉིད། འཇིག་པའི་ཆོས་ཅན་དང་འདྲ། འཇིག་པའི་ཆོས་ཅན་ལ་གཟིགས།
འཇིག་ཚོགས་ལ་ལྟ་ ཉེ་བར་ལེན་པའི་ཕུང་པོ་ལ་དམིགས་ནས་ང་དང་ངའི་ཞེས་བདག་དང་བདག་གིར་ལྟ་བའི་
ཤེས་རབ་ཉོན་མོངས་ཅ་ན་ན་ནོ།
དེ་ལ་འཇིག་པ་ནི་མི་རྟག་པ་དང་ཚོགས་པ་ནི་དུ་མ་ཡིན་པས་འདིས་གང་ལ་
ལྟ་བའི་གཞི་ནི་མི་རྟག་པ་དང་དུ་མའི་ཆོས་
ཅ་ན་ཙ་མ་ཡིན་གྱི། རྟག་པ་དང་གཅིག་པུའི་གང་ཟག་ནི་མེད་
དོ།
ཞེས་བསྟན་པའི་ཕྱིར་དུ་འཇིག་ཚོགས་ལ་ལྟ་བ་ཞེས་མིང་བཏགས་ས་སོ། ཞེས་རྗེའི་ལམ་རིམ་ཆེན་མོར་
གསུང་ས་པ་
ལྟར་རོ།
འཇིགས་བྱེད་ནག་པོ། འཇིག་རྟེན་པའི་ལྷ་ཕྱོགས་སྐྱོང་བཅུའི་ནང་གི། ལྷ་དབང་ཕྱུག་གདོང་གཅིག་པ་ལག་གཡས་ཌུ་
མ་རུ་དང་། གཡོན་རལ་གྲི་འཛིན་པ་དིའི་མིང་། དབང་ལྡན་གྱི་དབང་ཕྱུག་ཆེན་པོ་གླང་ལ་ཆིབས་
ཤིང་།
རྩེ་གསུམ་ཐོགས་པ་དེ་ལ། ཞི་རྒྱས་དབང་དྲག་བི་རྣམ་འཕྲུལ་བཞི་ཡོད་པ་ལས། དྲག་པོ་འཇིགས་
བྱེད་
ནག་པོ། ཆུང་མ་དུས་མཆན་མ་དམར་མོ་དང་ལྡན་པ་དེ་ལ་ཟེར། འདི་ནཱ་རོ་མཁའ་སྤྱོད་མའི་ཞབས་
གནོན་དུ་ཡོད་པའི་འཇིགས་བྱེད་ནག་པོ་ཞེས་པ་དེ་ཡིན། ཞི་བ་ལྷ་བརྒྱ་བྱིན་དཀར་པོ། ཆུང་མ་གོ་རི། རྒྱས་པའི་ལྷ་
ཚངས་པ་སེར་པོ། ཆུང་མ་རལ་གཅིག་མ། དབང་གི་ལྷ་གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་དགའ་རབ་ད་བང་ཕྱུག། ཆུང་མ་
དམར་མོ།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*