www.dharmabook.ru tibetan OCR


2 1 7
འཇིགས་བྱེད་སྨོན་ལམ་གྱི་ཊཱི་ཀ། སྒོམ་སྡེ་ནམ་མཁའ་རྒྱལ་མཆན་གྱི་འཇིགས་བྱེད་བསྐྱེད་རྫོགས་ལས་འཇིགས་
བྱེད་
སྨོན་ལམ་འབྲུ་འགྲེལ་ཟུར་དུ་ཕྱུང་བའི་སྨོན་ལམ་ཊི་ཀ་དང་། ཡང་དེའི་འཇིགས་བྱེད་སྨོན་ལམ་ཊི་ཀ་
གཉིས་སོ།
འཇིང་ས་བརྒལ་བ། དབུས་སམ་དཀྱིལ་དུ་ཞུགས་པ། འཇིངས་ནི་དབུས་སམ་དཀྱིལ། བརྒལ་བ་ནི་ཞུགས་པའོ།
འཇུག་ལྡོག་གནས། བླང་དོན་གན་གནས། རྗེའི་བྱམས་པའི་བསྟོད་ཆེན་ལས། འཇུག་ལྡོག་གནས་ནི་ཤིན་ཏུ་རགས་པ་
ལའང་།
བདག་གི་བློ་མིག་ཆེས་ཆེར་གསལ་མ་གྱུར། ཅེས་པ་ལྟ་བུ།
འཇུག་ངོགས། (4) ལམ། ལམ་རིམ་བསྡུས་དོན་ལས། རབ་འབྱམས་གསུང་རབ་ཀུན་ལ་ལྟ་བའི་མིག སྐལ་
བཟང་ཐར་པར་བགྲོད་པའི་འཇུག་ངོགས་མཆོག
བརྩེ་བས་བསྐྱོད་པའི་ཐབས་མཁས་མཛད་པ་ཡིས།
གསལ་མཛད་བ་ཤེས་གཉེན་རྣམས་ལ་གུས་ཕྱག་འཆལ། ཞེས་པ་ལྟར་རོ། (2) འགྲམ། དཔེར་ན། རྒྱ་
མཚོའི་འཇུག་ངོགས་ཞེས་
པ་ལྟ་བུ།
འཇུད་མཐུན་མ། སྨད་ཚོང་མ། སྒྲ་བཤད་ནི། འཇུད་ནི་འཇུད་པར་བྱེད་པ་སྟ མོ་མཆ་ན་གྱི་མིང་ཡིན་ལ།
མཐུན་མ་ནི་མཐུན་པ་སྟེ་དེ་ལ་ཕོ་མཆན་གཞུག་པར་རུང་བའི་དེ་སྐད་ཅེས་བཏགས། ལུང་ཕྲན་ཚིགས་ཀྱི་
འགྲེལ་པར་གཞི་བྱས། འདོད་འགྲོ་མ། གཟུགས་ཅན་མ། གཟུགས་ཚོང་མ། ནམ་མཁའི་གོས་ཅ་ན་མ།
འཕྱོན་མ། ཚོགས་ཅན་མ་རྣམས་མིང་གི་རྣམ་གྲང་ས་སུ་བཤད།
འཇོ་སྒེག (4) མཛེས་ཉམས། ༿ བཀོད་པའམ་རྣམ་འགྱུར། (2) རྩེ་འཇོ།
འཇོག་མཁན། རྡོ་བཟོ་བ། ལུང་ཕྲན་ཆེགས་ཀྱི་འགྲེལ་པ་ལས། འཇོག་མཁན་ནི་རྡོ་མཁན་ལ་བྱ་བ་སྟ། རྡོ་ལ་
མཁས་པ་འམ།
འཇོག་པའི་ལས་ལ་མཁས་པ་ཡིན་ན་ནོ། ཞེས་གསུངས། འདིའི་འཇོག་ཅེས་པ་གཤག་པའི་
དོན་ཡིན།
འཇོག་སྒོམ། དམིགས་པ་གཅིག་ཉིད་ལ་སེམས་བཟུང་ནས་བསྒོམ་པ་ལ་ཟེར། ཡ་ང་ན། དཔྱད་སྒོམ་གྱིས་གཏན་ལ་
ཕབ་པའི་དོན་དེ་ཉིད་ལ་
སེམས་རྩེ་གཅིག་ཏུ་གནས་པ་ལ་ཟེར། འདི་ཏིང་ངེ་འཇིན་ནམ་ཞི་གནས་ཀྱི་ཕྱོགས་
སུ་བསྡུ།
སྒོམ་ལ་གཟིགས།
འཇོག་བྲལ། ཚུལ་འཆལ། ཚུལ་ཁྲིམས་འཆལ་བ། སྒྲ་བཤད་ནི། ཚུལ་ཁྲིམས་ཀྱིས་སེམས་ཞི་བ་ལ་འཇོག་པར་
བྱེད་
ཅིང་དེ་དང་བྲལ་བས་དེ་སྐད་ཅེས་བྱ་སྟ སོ་སོར་ཐར་པའི་མདོ་ལས། འཇོག་བྲལ་རྣམ་པར་འཁྱམ་
པར་
འགྱུར། ཞེས་གསུངས་པ་ལྟར་རོ

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*