www.dharmabook.ru tibetan OCR


220
འདྲོང་ས་ཏ། ཁྱོད་བློའི་ཉི་མ་གཞོན་ནུའི་དུས་ཀྱི་ཆ། མདོ་དང་རྒྱན་གྱི་པད་ཆལ་རྒྱས་མཐོང་ནས། བདག་
བློ་ཁེངས་པའི་ཀུ་མུད་ལྷག་པར་ཟུམ།
ཟབ་ཡངས་མཁྱེན་བརྩེའི་གཏེར་ལ་གསོལ་བ་འདེབས། བྱང་
ཕྱོགས་འདི་ན་ཚིག་ལ་མཁས་པ་ཉུང་།
དོན་ལ་སྒྲོ་འདོགས་ཆོད་པ་དེ་བས་དཀོན། བསྟན་དོན་ཉམས་སུ་
ལེན་པ་སྲིད་མཐའ་ཙམ།
དེ་གསུམ་མཐར་ཕྱིན་ཁྱོད་ལ་གསོལ་བ་འདེབས། ཅེས་ད་ང་། གསུང་རབ་
མཐའ་དག་ཁྱད་པར་རྡོ་
རྗེ་ཐེག རྒྱུད་སྡེ་མཐའ་དག་ཁྱད་པར་འདུས་པ་དང་། རིམ་གཉིས་མཐའ་དག་
ཁྱད་པར་
སྒུ་ལུས་ལ། སྔོན་མེད་ལེགས་བཤད་གཏེར་ཆེན་ཁྱོད་ལ་འདུད། ཅེས་པ་ལ་སོགས་པས་བསྟོད་
ད་དོ།
མདོར་ན་དཔལ་ཡིད་བཟང་རྩེ་པ་ཆེན་པོའི་ཞལ་ནས། དེའི་དུས་སུ་ས་ཆེན་པོ་འདི་རྗེ་བཅུན་ཙོང་ཁ་
པ་ཆེན་པོའི་གདུགས་དཀར་པོ་གཅིག་གིས་ཁྱབ་པར་མཛད་དེ་ཡོད་པ་ཡིན་གསུང་ང་ངོ་།
བཀའ་བརྒྱུད་ཀྱི་
མཁས་
གྲུབ་ཆེན་པོ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ཀྱང་། སངས་རྒྱས་ཀྱི་བསྟན་པའི་གཞུག་འདིར་ལུང་གི་
བསྟན་པ་ལ་འདི་ཁོ་ན་བཀའ་དྲིན་ཆེ་བ་ཡིན་ནོ། ཞེས་གཟུ་བོར་གནས་པའི་མཁས་གྲུབ་རྣམས་ཀྱིས་ཀྱང་
མགྲིན་གཅིག་ཏུ་
སྨྲའོ། མ་ཅིག་ལ་བ་སྒྲོན་གྱིས་ཀྱང་ཐུབ་པའི་བསྟན་པ་ཇི་སྲིད་གནས་ཀྱི་བར་དུ་རྒྱལ་བ་ཙོང་
ཁ་པ་དང་
ཀརྨ་པ་ལྟ་བུའི་སྐྱེས་མཆོག་གཞན་མི་འབྱུང་བར་ལུང་གིས་གསལ་བར་བསྟན་པར་སྣང་ཞེས་
མཁས་
མཆོག་དེ་ཉིད་ཀྱི་གསུང་ན་གསལ། དེང་དུས་ཀྱི་སློབ་གཉེར་བ་མང་པོ་ཞིག་དང་། ལྷག་པར་རྟགས་
གསལ་
ཁྱབ་འཁོར་རེ་གཉིས་ཀྱིས་མཁས་པར་རློམས་པའི་བློ་ཆུང་བྱིས་པ་རྣམས། གཞུང་དོན་ལ་གོ་རྒྱ་ཆུང་
བ་ཡང་།
ལེགས་བཤད་འདི་དག་ལ་ཐུགས་གཙིགས་དེ་ཙམ་མེད་པར། རང་རང་སོ་སོའི་ཡིག་ཆ་ཁེར་རྐྱང་
ལ་
དབུ་འཁོར་བས་ལན། རྗེའི་གསུང་རབ་རྣམས་སྤྱི་དོན་གྱི་ཚུལ་དང་། གྲྭ་ས་གྲྭ་ཚང་སོ་སོའི་ཡིག་ཆ་
རྣམས་
མཐའ་དཔྱོད་ཀྱི་ཚུལ་དུ་བལྟ་དགོས་པ་ཨིན་ཚོད་གདའ། འོན་ཀྱང་ཐོག་མར་ཡིག་ཆ་རྣམས་ཀྱང་
ཤིན་ཏུ་གལ་ཆེ་བས་ལེགས་པར་ཁོང་དུ་ཆུད་པར་བྱས་ཏེ། རང་ལུགས་གཏ་ད་སོ་ཡོད་པར་བགྱིས་ལ། དེ་
ནས་རྡོག་
འདྲིལ་ས་རྗེ་ཡབ་སྲས་ཀྱི་ལེགས་བཤད་ཀྱི་ཐོག་ཏུ་དྲིལ་ཐུབ་པ་ཞིག་དགོས། རྗེའི་གསུང་ནི་ཤིང་
སྡོང་
རྦན་ལ་མེ་འབར་བ་ལྟར་ཤིན་ཏུ་བརླིང་ཞིང་གོ་དཀའ་ལ། གོ་ན་གཞན་དང་མི་འདྲ་བའི་གོ་བ་སྟེར་ཕུལ་
ཆེ་བ་
ཞིག་གོ། བོད་དུ་མདོ་སྔགས་གཉིས་ཆ་གྲང་ལྟར་འགལ་བ་འཇིན་པ་ཤས་ཆེ་ནའང་། རྗེ་འདི་ཉིད་ཀྱི་
མདོ་སྔགས་གཉིས་འགལ་མེད་གཅིག་གྲོགས་གཅིག་ཏུ་འཁྱེར་ཤེས་པའི་སྲོལ་བཟང་པོ་ཡང་བཏོད་པར་
མཛད་ད་དེ།
ཇི་སྐད་དུ། སྟག་ཆང་ལོ་ཙཱབས། ཁ་ཅིག་འདུལ་བ་གཙོར་བྱས་གསང་སྔགས་སྤོང་། གཞན་དག་
སྔགས་ལ་མོས་བློས་འདུལ་བ་འགོག།
རྒྱལ་བའི་བསྟན་པ་མཐའ་དག་འགལ་མེད་ད་དུ། ལེགས་པར་ཉམས་
སུ་ལེན་
མཁས་ཁོད་ལ་འདུད། ཅེས་གསུངས་པ་ལྟར་རོ། བཀའ་བརྒྱུད་ཀྱི་མཁས་གྲུབ་ཆེན་པོ་འགོས་ལོ་

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*