www.dharmabook.ru tibetan OCR


233
ས་སྒྲོག་རི་དང་སྲུང་བ་པ། གནས་མ་བུ་བའི་སྡེ་རྣམས་ནི། མང་པོས་བཀུར་བའི་སྡེ་པ་ཡིན། ཞེས་པ་ལྟར་
རོ།
ཉམ་ང་། (4) ཡིད་སྐྱོ་བའི་ནད། (2) སྡུག་པ་དང་བྲལ་བའི་སྡུག་བསྔལ། (8) བགྲོད་པར་དཀའ་བ། རྒལ་བར་
དཀའ་བ།
ཉམ་ང་བ ཉམ་ང་དང་དོན་འདྲ།
ཉམ་ཆུང་བ (4) བརྩོན་འགྲུས་ཞན་པ། (2) བྱ་བ་བྱེད་པའི་ནུས་པ་ཆུང་བ། (8) ནུས་པ་དང་བྲལ་
ཉམ་ཐག་ང་རོས་འོ་འདོད་འབོད་པ། སྲུག་བསྔལ་བའི་སྐད་གདངས་ཀྱིས་སྡར་བཞིན་དུ་འབོད་པ་ལ་ཟེར།
ཉམ (1) སྟོབས་སམ་ནུས་པའི་མིང་། (2) ཉམས་སྣང་དང་དོན་འདྲ།
ཉམས་ཁྲིད། བླ་མས་ཉམས་མོང་གི་ཐོག་ནས་སློབ་མའི་རྒྱུད་ཐོག་གང་ཁེལ་དུ་འཆད་པ་ལ་ཟེར།
ཉམས་དགའ་བ ཡིད་དུ་འོང་བ། རྗེའི་གསུང་ལྟར་བཀོད།
ཉམས་དགུ། སྐུ་གསུང་ཐུགས་གསུམ་གྱི་ཉམས་དགུ། སྐུའི་ཉམས་གསུམ་ནི། སྒེག་པ། དཔའ་བ། མི་སྡུག་པ་སྟེ་
གསུམ།
གསུང་གི་ཉམས་གསུམ་ནི། རྒོད་པ། དྲག་ཤུལ། འཇིགས་སུ་རུང་བ་སྟེ་གསྟེ་གསུམ། ཐུགས་ཀྱི་ཉམས་
གསུམ་ནི།
སྙིང་རྗེ། རྔམ་པ། ཞི་བ་སྟེ་གསུམ་དང་བཅས་ཉམས་དགོུ། རྗེའི་གསུང་ལྟར་བཀོད།
ཉམས་ངན་པ། ཡིད་དུ་མི་འོང་བ། མདོགང་ན་པ། དཔེར་ན། ཉམས་ཤིན་ཏུ་ངན་པ་སྔོ་སངས་སངས་པོ་ཞེས་པ་
ལྟ་བུ།
ཉམས་སྣང་། འཆར་གཞི་དང་ལྡན་པའི་སྒོ་ནས་བྱུང་བ་མིན་པར་གློ་བུར་དུ་བྱུང་བའི་ཚོར་སྣང་ཞིག་ལ་ཟེར། རྗེའི་
སྔགས་རིམ་ཆེན་མོ་
ལས་ཀྱང་། སྣང་བ་དང་ང་རྒྱལ་གཉིས་ཀ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་
བསྐྱངས་པས་རིམ་གྱིས་སྐྱེས་པ་དགོས་ཀྱི། ཉམས་ལ་བརྟེན་ནས་གློ་བུར་དུ་བྱུང་བ་ལ་ཡིད་བརྟན་མི་བྱ་སྟེ།
ཞེས་གསུངས།
ཉམས་པ་ནམ་གསུམ། མཁན་པོར་གསོལ་བ་གདབ་ལས་ཉམས་པ། ཁྱིམ་པའི་རྟགས་སྤོང་བ་ལས་ཉམས་པ།
རབ་བྱུང་གི་རྟགས་ལེན་པ་ལས་ཉམས་པ་སྟེ་གསུམ།
ཉམས་པ་མ་ནིང་། མ་ནིང་ལྔའི་ཡ་གྱལ་ཏ། ཕོའི་དབང་པོ་མཚོན་སོགས་ཀྱིས་བཅད་པའི་མ་ནིང་།
ཉམས་འོག་ཏུ་ཆུད་པ། མོང་བ་ཐོན་པ་དང་གདེངས་ཐོབ་པའི་དོན།

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*